འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་ས་འབབ་ཚིགས་བར་དུ་མེ་འཁོར་ས་ཚིགས་བཅུ་གསུམ་
    གསར་དུ་བསྣན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་ས་འབབ་ཚིགས་བར་དུ་མེ་འཁོར་ས་ཚིགས་བཅུ་གསུམ་
གསར་དུ་བསྣན་རྒྱུ་ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་ཚོགས་པ་ཅུད་བཅུ་གཉིས་པ་ནས་ཤེས་རྟོགས་བྱུང་གསལ་དུ། མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་ས་འབབ་ཚིགས་བར་གྱི་ནུས་བསྐྱེད་བཟོ་བཅོས་ལས་གཞི་ད་ལྟ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་སུ་སླེབས་ཡོད་པ་རེད། ཚོགས་པ་དེ་ཡི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་ན། ད་ལྟ་བར་དུ། ལས་གཞི་ཁག་གི་ལམ་གྱི་རྨང་གཞི་དང་། ཕུག་ལམ་ཚུད་པའི་ལས་གཞི་ཚང་མ་ལེགས་གྲུབ་བྱུང་ཡོད་ལ། ཡངས་པ་ཅན་དང་། ལུང་རིང་། སང་འགོད། གདང་ལ་སོགས་ཀྱི་འབབ་ཚིགས་བརྒྱད་ལེགས་གྲུབ་བྱུང་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད་པ་དང་། ཆུ་བོ་ལན་ཐུང་དང་སྒ་ཆག་ས་ཚིགས། ལྷོ་མ་ས་ཚིགས་བཅས་གསུམ་དུ་ད་ལོར་འཛུགས་སྐྲུན་ཚང་མ་ལེགས་གྲུབ་བྱུང་རྒྱུ་རེད། ཐེངས་འདིའི་ནུས་བསྐྱེད་བཟོ་བཅོས་ལ་ཁྱོན་བསྡོམས་ས་ཚིགས་གསར་པ་13བསྣན་ཡོད་པ་དང་། ལེགས་གྲུབ་བྱུང་རྗེས། ལྕགས་ལམ་གཞོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ལ། བོད་ལྗོངས་ཀྱི་ལྟེ་བ་ལྷ་ས་ཡི་འཕྲོ་ཤུགས་ནུས་པ་སྔར་བས་ཇེ་ཆེར་གཏོང་ཐུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།