འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་གྲུ་ཨང་དང་པོ་སུམ་རྩེན་ཨང་གཉིས་པ་དང་བདེ་བླག་ངང་ཁ་གྱེས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན་གྱི་ཆུ་ཚོད་16དང་སྐར་མ་15ཙམ་ལ་ཟླ་5ཙམ་འཕུར་སྐྱོད་བྱས་རྗེས་ལྷ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་འཆར་གཞི་ལྟར་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་ནས་བདེ་བླག་ངང་ཁ་གྱེས་ཏེ་འཁོར་ལམ་ནས་མ་གྲོལ་གོང་གི་རྒྱ་བསྐྱེད་བེད་སྤྱོད་དང་འབྲེལ་ཡོད་ཚོད་ལྟ་མུ་མཐུད་བྱ་རྒྱུ་རེད།
         ཟླ་9ཚེས་17ཉིན་གྱི་ཆུ་ཚོད་15དང་སྐར་མ་29ཙམ་ལ་ས་ངོས་ནས་ལྷ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུར་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་ནས་ཁ་གྱེས་རྒྱུའི་བཀའ་བཏང་བ་རེད། གོ་རིམ་ལྟར་ལྷ་གྲུ་ཨང་དང་པོ་དེ་ནས་བྲལ་ཏེ་བར་ཐག་སྨི་120ཙམ་གྱི་སར་བསྡད་པ་དང་ས་ངོས་ནས་འཁོར་རྒྱུག་རྒྱུན་གཏན་ཡིན་པ་ཤེས་རྟོགས་བྱུང་རྗེས་ལྷ་གྲུ་ཨང་དང་པོ་དངོས་སུ་འཁོར་ལམ་ནས་ཕྱིར་འཐེན་བྱ་རྒྱུའི་བཀའ་བཏང་བ་རེད། ལྷ་གྲུ་ཨང་དང་པོའི་འཁོར་མདའ་གསུམ་ས་ངོས་ལ་ཕྱོགས་ནས་འཕུར་རྒྱུའི་སྟངས་སྟབས་བསྟན་ཏེ་མཐོ་ཚད་ཧ་ལམ་སྤྱི་ལེ་400ཙམ་ཡོད་པའི་ཉེ་འཁོར་འཁོར་ལམ་སྒོར་མོའི་ཐོག་ཁེར་རྐྱང་ངང་འཁོར་རྒྱུག་བྱེད་འགོ་ཚུགས་པ་རེད།
         འཆར་གཞི་ལྟར་ན་ལྷ་གྲུ་ཨང་དང་པོས་ད་དུང་རྒྱ་བསྐྱེད་ཚོད་ལྟ་མང་པོ་བྱས་ནས་ཕྱོགས་བསྡུས་བེད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས་བར་སྣང་ས་ཚིགས་ཞིབ་བཟོ་འཛུགས་སྐྲུན་དང་གཉེར་སྐྱོང་བདག་གཉེར་ཐད་ཉམས་མྱོང་གསག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།