འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཁས་དབང་གིས་བདེ་ཐང་དེང་རབས་ཅན་གྱི་ཐབས་ལམ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 《ཀྲུང་གོའི་དེང་རབས་ཅན་གྱི་སྙན་ཞུ། 2017ལོའི་བདེ་ཐང་དེང་རབས་ཅན་གྱི་ཞིབ་འཇུག་》ནང་། རང་རྒྱལ་གྱི་བདེ་ཐང་དེང་རབས་ཅན་གྱི་སྟོན་གྲངས་འཛམ་གླིང་གི་ཨང་59པར་སླེབས་པ་མངོན་པ་དང་། ཚེས་16ཉིན་འཚོགས་པའི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་ཁང་ཀྲུང་གོའི་དེང་རབས་ཅན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧོ་ཀྲོན་ཆི་དང་ཁོང་གི་ཞིབ་འཇུག་ཚོགས་པས་རང་རྒྱལ་གྱི་བདེ་ཐང་དེང་རབས་ཅན་གྱི་ཐབས་ལམ་བཏོན་ནས་བདེ་ཐང་དང་ཞབས་ཞུའི་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་ཚེ་རིང་གི་སྤྱི་ཚོགས་སྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།
         སྙན་ཞུའི་ནང་བདེ་ཐང་དེང་རབས་ཅན་གྱི་ཁོངས་སུ་བདེ་ཐང་གི་མ་ལག་དང་། བདེ་ཐང་གི་འཚོ་བ། བདེ་ཐང་གི་ཞབས་ཞུ། བདེ་ཐང་གི་ཁོར་ཡུག བདེ་ཐང་བཅོས་སྐྱོང་བཅས་ཀྱི་དེང་རབས་ཅན་སོགས་ཚུད་པའི་ངོས་འཛིན་བྱས་ཡོད། སྙན་ཞུ་དེས་འཛམ་གླིང་གི་བདེ་ཐང་དེང་རབས་ཅན་གྱི་བཅད་གྲངས་གདེང་འཇོག་ལེགས་སྒྲུབ་ཟིན་ཞིང་། འབྲས་བུ་ལས་མངོན་པར་གཞིགས་ན། 2014ལོའི་ཀྲུང་གོའི་བདེ་ཐང་དེང་རབས་ཅན་གྱི་སྟོན་གྲངས་འཛམ་གླིང་གི་རྒྱལ་ཁབ་131ཁྲོད་ཨང་59པར་སླེབས་ཡོད། སྙན་ཞུས་ད་དུང་བདེ་ཐང་དེང་རབས་ཅན་གྱི་སྲོག་ཤིང་དམིགས་ཚད་100བཏོན་ཡོད་པ་རེད།
         སྙན་ཞུའི་ནང་། ཀྲུང་གོའི་བདེ་ཐང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ“མ་ལག་རིམ་སྤོར་དང་འཁོར་བཞིའི་སྐུལ་འདེད”ཀྱི་འཕེལ་རྒྱས་འཐབ་ཇུས་སྤྱད་པར“བདེ་ཐང་གི་མྱུར་བགྲོད་ལྕགས་ལམ་གྱི་འཐབ་ཇུས”ཞེས་བསྡུ་བ་དང་། གཙོ་བོ“ཀྲུང་གོའི་བདེ་ཐང་གི་མྱུར་བགྲོད་ལྕགས་ལམ་གྱི་ལས་གྲྭ”ལག་བསྟར་བྱས་ཏེ་བཟོ་ལས་དུས་རབས་ནས་སོ་སོར་གྱེས་པའི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ནས་ཆ་འཕྲིན་དུས་རབས་ཀྱི་བསྡུ་སྒྲིལ་རྣམ་པའི་ལས་བགོས་མཉམ་ལས་ལམ་ལུགས་ཀྱི་རྒྱལ་དམངས་ཀྱི་བདེ་ཐང་མ་ལག་ལ་རིགས་སྒྱུར་རིམ་སྤོར་མངོན་འགྱུར་དང་བདེ་ཐང་གི་མ་ལག་དང་། བདེ་ཐང་གི་འཚོ་བ། བདེ་ཐང་གི་ཞབས་ཞུ། བདེ་ཐང་གི་ཁོར་ཡུག བདེ་ཐང་བཅོས་སྐྱོང་བཅས་ཀྱི་དེང་རབས་ཅན་མངོན་འགྱུར་བྱས་ཏེ་མི་ཚང་མར་བདེ་ཐང་གི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ཁྱིམ་ཚང་ཚང་མར་བདེ་ཐང་གི་འགན་བཅོལ་ཡོད་པ། བདེ་ཐང་གི་འཚོ་བ་དང་བདེ་ཐང་གི་ཞབས་ཞུ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། བདེ་ཐང་གི་ཁོར་ཡུག་དང་བདེ་ཐང་གི་སྤུས་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པ་བཅས་ཀྱི་བདེ་ཐང་ཚེ་རིང་གི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།
         དེའི་རིང་རིགས་གཅིག་མཁས་ཅན་གྱིས། 2016ལོའི་ཟླ་10པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“བདེ་ཐང་གི་ཀྲུང་གོ་2030ལོའི”འཆར་འགོད་རྩ་གནད་》དངོས་སུ་ཡོངས་བསྒྲགས་བྱས་པ་ལས“བདེ་ཐང་གི་ཀྲུང་གོ”བསྐྲུན་རྒྱུར་སྲིད་ཇུས་ཀྱི་མཛུབ་ཁྲིད་བྱུང་ཡོད་པ་རེད། 《ཀྲུང་གོའི་དེང་རབས་ཅན་གྱི་སྙན་ཞུ། 2017ལོ》ཡི་ནང་བཏོན་པའི་བདེ་ཐང་དེང་རབས་ཅན་གྱི་ཐབས་ལམ་ནི་《“བདེ་ཐང་གི་ཀྲུང་གོ། 2030ལོའི”འཆར་འགོད་རྩ་གནད་》ཀྱི་ཁ་གསབ་གལ་ཆེན་དང་གྲ་རྒྱས་སུ་བཏང་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།