འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ནུབ་རྒྱུད་ཀྱི་མ་འཇོག་བྱེད་ཕྱོགས་གསར་པས་གོ་ལ་ཧྲིལ་པོའི་མིག་དབང་འཕྲོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སི་ཁྲོན་མཚོན་བྱེད་དུ་བྱེད་པའི་ནུབ་རྒྱུད་ས་ཁུལ་གྱི་མ་འཇོག་བྱེད་ཕྱོགས་གསར་པ་ཐོན་ཡོད། ཚེས་15ཉིན་གྱི་ཕྱི་དྲོ་གཉེར་བའི་རྒྱལ་སྤྱིའི་མ་འཇོག་རྣམ་གྲངས་མཉམ་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཁྲེང་ཏུའུ་རུ་བཅའ་སྡོད་ཕོ་ལན་གྱི་སྤྱི་ཁྱབ་ཁེ་སྐྱོང་བ་གཱ་ཤ་ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་ཁྲེང་ཏུའུ་རུ“ཀྲུང་གོའི་ཕོ་ལན་གྱི་གསར་གཏོད་ལྟེ་གནས”བཙུགས་པའི་འཆར་གཞི་བརྗོད་པ་རེད།
         གཱ་ཤ་ཡིས“ང་ཚོས་ཕོ་ལན་གྱི་ITདང་། སྨན་དང་སྨན་རྫས། ཁོར་ཡུག་སྲུང་སྐྱོང་སོགས་ཁེ་ལས་ཁག་གཅིག་ནང་འདྲེན་བྱས་པས་མིག་སྔར་ཕོ་ལན་གྱི་ཁེ་ལས་དང་ཚོང་ཚོགས་མི་ཉུང་བ་ཞིག་གིས་འཆར་གཞི་དེའི་ཐད་འདོད་མོས་ཆེན་པོ་ཡོད་ལུགས་བརྗོད་ཀྱི་འདུག”ཅེས་བཤད།
         “རྒྱུད་གཅིག་ལམ་གཅིག”ལ་སྐུལ་མ་གཏིང་ཟབ་བཏང་བ་ལས་ཀྲུང་གོའི་ནུབ་རྒྱུད་འདས་ཟིན་པའི་སྐམ་སའི་དབུས་ཁུལ་ནས་ལྷོ་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་འཐབ་ས་མདུན་མར་སྐྱོད་ཡོད། རིམ་རྩིས་ལྟར་ན་ཉེ་བའི་ལོ་ལྔ་ཡི་ནང་སི་ཁྲོན་གྱིས་ནང་འདྲེན་བྱས་ནས་དམིགས་སར་འབྱོར་བའི་ཞིང་ཆེན་གཞན་དང་མངའ་ཁོངས་ཕྱིའི་མ་དངུལ་སྒོར་དུང་ཕྱུར་ཁྲི་5ལས་བརྒལ་བ་དང་སི་ཁྲོན་གྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་མ་འཇོག་བྱེད་མཁན་ཁེ་ལས་250ཟིན་ཡོད་པ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་33གྱིས་སི་ཁྲོན་དུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་935ཟིན་ཏེ་དངོས་སུ་དམིགས་སར་འབྱོར་བའི་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་70ལས་བརྒལ་ཡོད།
         མི་ཁྲི་9100དང་། GDPདུང་ཕྱུར་ཁྲི་3ལས་བརྒལ་བ། ཉེ་འགྲམ་གྱི་མི་འབོར་དུང་ཕྱུར་3ལ་ཁྱབ་འགྱེད་ཐུབ་པའི་ཁྲོམ་ར་ཆེ་མོ་ལྡན་པའི་སི་ཁྲོན་གྱི་མ་འཇོག་བྱེད་ཕྱོགས་དེ་རྒྱལ་སྤྱིའི་མ་འཇོག་མཁན་ཚོས་ཀྲུང་གོའི་ནུབ་རྒྱུད་ཀྱི་དཔལ་འབྱོར་ལ་ལྟ་ཞིབ་བྱེད་པའི་རླུང་ཕྱོགས་སྟོན་རྟགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།