འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་འཛུགས་སྐྱོང་ཚད་ལྡན་ཅན་གྱི་ཚོད་ལྟ་ལས་ཏང་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་
    གོང་མཐོར་སོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཏང་འཛུགས་སྐྱོང་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་དོན་གྱི་སྤེལ་རེས་སྐུལ་སྤེལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཚད་གཞི་ཨུ་ལྷན་ཏང་ཙུའུ་ཡིས་ཚད་ལྡན་ཅན་གྱི“སྟབས་བདེ་དང་། གཅིག་གྱུར། མཉམ་རོགས། ལེགས་གཏོང”བཅས་ཀྱི་རྩ་བའི་རིག་པ་སྤྱད་དེ་དེའི་ལད་ཟློས་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལེགས་ཆ་བཏོན་པ་དང་སྒྲིག་ལམ་ཡག་ཤོས་དོན་གཉེར་དང་ཕན་ནུས་ཆེ་ཤོས་ཐོབ་རྒྱུ་དམིགས་ཚད་དུ་བྱས་ནས་ཚད་ལྡན་ཅན་གྱི་ལས་དོན་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཟུང་འབྲེལ་ནུས་ལྡན་བྱས་ཏེ་2017ལོའི་ཟླ་3པར་《རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ལྷན་ལས་ཁུངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཚད་གཞིའི་མ་ལག་》ཡོངས་བསྒྲགས་དང་ལག་བསྟར་བྱས་པ་རེད། ཚད་གཞིའི་མ་ལག་ནང་ཏང་ཙུའི་ལས་ཀའི་ཚད་གཞི་དང་། ལས་ཁུངས་ཏང་ཨུད་ཀྱི་ལས་ཀའི་ཚད་གཞི། ལས་ཁུངས་སྒྲིག་ཨུད་ཀྱི་ལས་ཀའི་ཚད་གཞི། ཏང་ཀྲི་པུའི་ལས་ཀའི་ཚད་གཞི། ཏང་ཡོན་དོ་དམ་གྱི་ཚད་གཞི། ཏང་འཛུགས་སྐྱོང་གི་དཔྱད་ཞིབ་ཚད་གཞི་བཅས་ཆ་ཤས་ཆེ་གྲས་དྲུག་གི་ཚད་གཞི་45ཚུད་ཡོད་པས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“འགན་འཁྲི་གཉིས”དོན་འཁྱོལ་ཏན་ཏིག་བྱེད་པ། ཏང་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
            དེ་གོང་། ལས་ཁུངས་ཁག་གི་རེ་འདུན་གཞིར་བཟུང་། འབྲེལ་ཡོད་ལས་ཁུངས་ཀྱི་ལས་ཀ་དང་ཏང་འཛུགས་སྐྱོང་དང་ཚད་ལྡན་ཅན་གྱི་རྨང་གཞི་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ཚད་ལྡན་ཅན་གྱི་ཚོད་ལྟའི་ཚན་པ་57ཁག་ཐེངས་གཉིས་ལ་བགོས་ནས་ཡོངས་བསྒྲགས་བྱས་པའི་ནང་བྱ་གཞག་ཚན་པ་དང་། གྲོང་གསེབ། སྡེ་ཁུལ། ཁེ་ལས། མཐོ་སློབ་སོགས་ཁྱབ་ཁོངས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།