འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་ཁྱེར་འཁོར་ལམ་མེ་འཁོར་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་ཐེངས་དང་པོར་ཕྱིར་
    གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན། གསར་འགོད་པར་ཀྲུང་གོ་ཀྲུང་འཁོར་ཆིང་ཏའོ་སི་ཕང་མེ་འཁོར་ཨ་མ་དང་འཁོར་སྒྲོམ་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་ཀྲུང་འཁོར་ཆིང་ཏའོ་སི་ཕང་མེ་འཁོར་ཨ་མ་དང་འཁོར་སྒྲོམ་མ་རྐང་ཚད་ཡོད་ཀུང་སིས་པར་ཙིར་གྱི་ཧྲེང་པའོ་ལུའོ་ཡི་གྲོང་ཁྱེར་ལྕགས་ལམ་ཀུང་སི་(CPTM)དང་ཧྲེང་པའོ་ལུའོ་རུ་གྲོང་ཁྱེར་འཁོར་ལམ་མེ་འཁོར་མཁོ་འདོན་གྱི་གན་རྒྱ་བཞག་ནས་མེ་འཁོར་དེ་ཧྲེང་པའོ་ལུའོ་ཡི་ལམ་ཐིག་13པའི་ཐོག་སྤྱོད་རྒྱུ་ཡིན་པ་རེད། འདི་ནི་ཀྲུང་གོའི་ཁེ་ལས་ལ་པར་ཙིར་གྱི་ཧྲེང་པའོ་ལུའོ་ནས་ཐོབ་པའི་མེ་འཁོར་གྱི་མངགས་ཐོ་དང་པོ་དེ་ཡིན།
           སྐྲུན་བཞིན་པའི་ཧྲེང་པའོ་ལུའོ་ལམ་ཐིག་13(CPTM13)པ་དེ་ཧྲེང་པའོ་ལུའོ་ཡི་གྲོང་ཁྱེར་ལྟེ་གནས་དང་ཀྭ་ལུའུ་ལེའུ་སི་རྒྱལ་སྤྱིའི་གནམ་ཐང་དང་འབྲེལ་ཡོད་པས་དེ་ནི་པར་ཙིར་དང་གླིང་ཆེན་ཨ་མེ་རི་ཀ་ལྷོ་མ་དབར་གྱི་གནམ་ཐང་གི་ལམ་དང་པོ་དེ་ཡིན། ཧྲེང་པའོ་ལུའོ་ཡི་གྲོང་ཁྱེར་ལྕགས་ལམ་ཀུང་སིས་2016ལོར་གོ་ལ་ཧྲིལ་པོར་ཕྱོགས་ནས་འོས་སྐུལ་འོས་དཔོད་བྱས་པ་བརྒྱུད་ཀྲུང་འཁོར་སི་ཕང་མ་རྐང་ཀུང་སི་རྒྱལ་སྤྱིའི་འགྲན་རྩོད་ནང་རྒྱལ་ཐུབ་པ་བྱུང་ཞིང་། འཆར་གཞི་གཞིར་བཟུང་མེ་འཁོར་དེ་2019ལོར་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།