འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཁྲི་གཉིས་ལྷག་ཙམ་དང་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཡི་
    ནང་ཚུད་པའི་ཁེ་ལས་75ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་ཕྱིར་གཏོང་
    ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ལ་ཞུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཁྲི་2ལྷག་ཙམ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲགས་ཅན་ཁེ་ལས་700ལྷག་ཙམ་གྱི་འགན་ཁུར་བ་ཚེས་15ནས་18ཉིན་བར་ཁྲེང་ཏུར་གཉེར་བའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ལ་ཞུགས་རྒྱུ་ཡིན་པས་འགྲེམས་ཚོགས་ཀྲུང་གོའི་ནུབ་རྒྱུད་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
             དབྱི་ཐ་ལི་དང་། ཐེ་ལན། ཅེ་ཁེ། ཧིན་རྡུ་ཉི་ཞི་ཡ། བྷེ་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་སྲིད་ཕྱོགས་མི་སྣ་གཙོ་གྲས་ཟུར་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བཅས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཉོ་སྒྲུབ་སིའི་འགན་ཁུར་བ་བཅས་འགྲེམས་ཚོགས་ལ་ཞུགས་རྒྱུ་རེད། འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཡི་ནང་ཚུད་པའི་ཁེ་ལས་75དང་ཀྲུང་གོའི་ཁེ་ལས་རྩེ་གྲ་500ཡི་ནང་ཚུད་པའི་ཁེ་ལས་56ཚུད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲགས་ཅན་ཁེ་ལས་ཀྱི་འགན་ཁུར་བ་700ལྷག་ཙམ་མ་འཇོག་སྐུལ་གཏོང་གི་བྱེད་སྒོར་ཞུགས་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་(ས་ཁུལ)36འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དེས་འགྲེམས་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་(ས་ཁུལ)བསྡོམས་འབོར་གྱི་ཕྱེད་ཀ་ཟིན་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཁྲི་2ཙམ་འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན་པའི་གཞི་ཁྱོན་སྐབས་གོང་མ་ལས་ཆེ་རུ་ཤུགས་ཆེན་ཕྱིན་ཏེ་རྒྱལ་སྤྱིའི་ཤུགས་རྐྱེན་ཕོག་ཤུགས་སྔར་བས་ཆེ་རུ་འགྲོ་བཟོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།