འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་སུ་འཛམ་གླིང་སྟོབས་ལྡན་ཁེ་
    ལས་500ཁྲོད་ཀྱི་ཁེ་ལས་80ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2017ལོའི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་སུ་འཛམ་གླིང་སྟོབས་ལྡན་ཁེ་
ལས་500ཁྲོད་ཀྱི་ཁེ་ལས་80ཞུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། འབོ་གསེར་རྒྱལ་ཁབ་འགོ་ཁྲིད་མི་སྣ་ཚོས་ཞ་མོན་ཞལ་འཛོམས་གསར་འགྱུར་ལྟེ་གནས་སུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཚོགས་དང་། 2017ལོའི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ལྷན་གྱི་ཚོགས་གཙོ་ཅང་ཙེང་ཝེ་ཡིས་2017ལོའི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཅང་ཙེང་ཝེ་ཡིས་ཐེངས་འདིའི་གྲོས་ཚོགས་ཀྱི་གཞི་རྒྱ་ཆེ་ཞིང་འཐུས་ཚབ་མང་བ་འབོར་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་ལོ་རྒྱུས་ཐོག་ཏུ་སྔར་བྱུང་མ་མྱོང་བ་ཞིག་ཡིན་ཞེས་བསྟན་པ་རེད།
         ངོ་སྤྲོད་བྱས་པར་གཞིས་ན། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་གཙོ་བོ་ནི"འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་བཏང་ནས་སྔར་ལས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས"ཞེས་པ་ཡིན་ཞིང་། གླེང་སྟེགས་ནི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར་ནས་ཚེས་4ཉིན་གྱི་སྔ་དྲོའི་བར་དུ་ཞ་མོན་གྲོང་ཁྱེར་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་ཚོགས་ཡོད་པ་དང་པ་དང་། གླེང་སྟེགས་ལ་འགོ་ཚུགས་པའི་མཛད་སྒོ་དང་། ཚང་འཛོམས་གྲོས་ཚོགས། མཇུག་སྒྲིལ་བའི་མཛད་སྒོ་སོགས་ཀྱི་གོ་རིམ་འདུས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་བཞེད་དོན་གསུང་བཤད་ཀྱང་གནང་རྒྱུ་རེད།
          གཞན་ཡང་། ཅང་ཙེང་ཝེ་ཡིས་པར་ཙིར་དང་ཨ་ཧྥེ་རི་ཁ་ལྷོ་མ། ཨེ་ཅིབ། ཀི་ནེ་ཡ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱང་གདན་འདྲེན་ཞུས་པ་ལྟར་འགོ་ཚུགས་པའི་མཛད་སྒོར་ཞུགས་རྒྱུ་དང་། གཏམ་བཤད་སྤེལ་རྒྱུ་དང་གྲོས་གླེང་དུ་ཞུགས་རྒྱུ་རེད། འདི་ནི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན་ཞེས་བཤད་པ་རེད།
         2017ལོའི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ནི་ཏག་ཏག་འབོ་གསེར་རྒྱལ་ཁབ་མཉམ་ལས་བྱས་ནས་ལོ་ངོ་བཅུ་ཚན་གཉིས་པ་འཁོར་བར་ཁེལ་བས། ཕྱོགས་སོ་སོའི་མཐོང་ཆེན་ཐོབ་པ་དང་ཞུགས་པ་རེད། ཅང་ཙེང་ཝེ་ཡིས་ངོ་སྤྲོད་བྱས་ཏེ་འཐུས་ཚབ་1200འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་སུ་ཞུགས་རྒྱུ་ཡིན་པ་དང་། དེ་རུ་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་1069ཡོད་ཅིང་། དེའི་ཁྲོད་ཀྲུང་གོའི་ཕྱོགས་དང་ཕྱི་ཕྱོགས་ཀྱི་འཐུས་ཚབ་ཕྱེད་ཀ་རེ་ཟིན་པ་དང་། ཚོགས་འདུར་ཞུགས་པའི་ཁེ་ལས་630ཡོད་ཅིང་། དེའི་ཁྲོད་དུ་ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་370དང་།  ཕྱི་ཕྱོགས་ཀྱི་ཁེ་ལས་260ཡོད་པ་རེད།  འདི་དག་ནི་འབོ་གསེར་རྒྱལ་ཁབ་ལྔའི་སྐད་གྲགས་ཆེ་བའི་ཁེ་ལས་ཡིན་པ་དང་། དེ་དང་དུས་མཉམ་དུ་ད་དུང་ཨ་རི་དང་དབྱིན་ཇི། ཧྥ་རན་སེ། འཇའ་མན་སོགས་རྒྱལ་ཁབ་ནས་ཕེབས་པའི་ཁེ་ལས་ཀྱང་ཡོད་ཅེས་བཤད་པ་རེད།
         ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་པའི་འཐུས་ཚབ་ཚོས"ཉོ་ཚོང་དང་མ་དངུལ་འཇོག་པ"དང་། "དངུལ་རྩའི་མཉམ་ལས་དང་འཕེལ་རྒྱས" "ཕན་ཚུན་འབྲེལ་མཐུད་ཡོང་བ" "མཚོ་ཐོག་དཔལ་འབྱོར"བཅས་བརྗོད་གཞི་བཞིར་གཅིག་བསྡུས་བྱས་ནས་སྲིད་ཇུས་ཐོག་གི་གྲོས་འགོ་དང་མཉམ་ལས་གྲོས་གཞི་བཏོན་ནས་ངོས་འཛིན་གཅིག་མཐུན་སྔར་ལས་མང་བ་ཡོང་བར་གོང་བུར་འགྲིལ་བར་བྱ་རྒྱུ་རེད།
    【1】  【2】  【3】  【4】  【5】
    ༄༅།།2017ལོའི་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་སུ་འཛམ་གླིང་སྟོབས་ལྡན་ཁེ་
ལས་500ཁྲོད་ཀྱི་ཁེ་ལས་80ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།