འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱ་མཚོ་ཆེན་པོའི་ཕྱོགས་བསྡུས་ཐོན་ཁུངས་བརྟག་དཔྱད་གྲུ་གཟིངས་དཔེ་གསར"རྒྱ་
    མཚོ་ཆེན་པོ་གཉིས་པ་རྟགས་ཅན"སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་རང་རྒྱལ་གྱི་རྒྱ་མཚོ་ཆེན་པོའི་ཕྱོགས་བསྡུས་ཐོན་ཁུངས་བརྟག་དཔྱད་གྲུ་གཟིངས་དཔེ་གསར“རྒྱ་མཚོ་ཆེན་པོ་གཉིས་པ་རྟགས་ཅན”ཀྲུང་གོ་གྲུ་གཟིངས་བཟོ་ལས་ཧོང་ཕུའུ་དབུན་ཁྲུང་གྲུ་གཟིངས་ཚད་ཡོད་ཀུང་སིར་སྐྲུན་འགོ་ཚུགས་པ་རེད།
             “རྒྱ་མཚོ་ཆེན་པོ་གཉིས་པ་རྟགས་ཅན”གྱི་གྲུ་གཟིངས་ཀྲུང་གོ་རྒྱ་མཚོ་ཆེན་པོ་གཏེར་ཐོན་ཐོན་ཁུངས་ཞིབ་འཇུག་གསར་སྤེལ་མཐུན་ཚོགས་ཀྱི་ཁོངས་སུ་གཏོགས་པ་དང་གྲུའི་རིང་ཚད་སྨི་98དང་ཞེང་ཚད་སྨི་17ཡོད་པ་དང་བསྟུད་མར་སྐྱོད་ཐུབ་ཚད་མཚོ་ལེ་14000ཟིན་ཁར་གོ་ལ་ཧྲིལ་པོའི་མཚོ་འགྲུལ་གང་སར་བསྐྱོད་ཐུབ་པའི་ནུས་པ་ལྡན་ཡོད། གྲུ་གཟིངས་འདི་ནི་ཚན་ཁག་མང་བ་དང་། ནུས་པ་མང་བ། ལག་རྩལ་བྱེད་ཐབས་མང་བ་བཅས་གཞི་གཅིག་ཏུ་འདུས་པ་དང་ལྗང་མདོག་ཅན་དང་། ཆ་འཕྲིན་ཅན། བྱེ་བྲག་དབྱེ་བ། སྐྱིད་ཉམས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཇུས་འགོད་བཟོ་སྐྲུན་གྱི་རྩ་དོན་མངོན་པའི་རྒྱ་མཚོ་ཆེན་པོའི་ཕྱོགས་བསྡུས་ཐོན་ཁུངས་བརྟག་དཔྱད་གྲུ་གཟིངས་གསར་རྐྱང་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱ་མཚོ་ཆེན་པོ་གཉིས་པ་རྟགས་ཅན”གྱི་གྲུ་གཟིངས་སྔོན་དཔག་བྱས་ན་2019ལོའི་ཟླ་གསུམ་པར་རྩིས་སྤྲད་ནས་སྤྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།