འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

     ༄༅།།ཕྱི་འབྲེལ་པུའུ་ཡིས་ཁོ་རེ་ཡ་བྱང་མས་སླར་ཡང་ཉིང་རྡུལ་ཚོད་ལྟ་བྱས་པའི་སྐོར་ལ་གསལ་
    བསྒྲགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། ཕྱི་འབྲེལ་པུའུ་ཡིས་ཁོ་རེ་ཡ་བྱང་མས་སླར་ཡང་ཉིང་རྡུལ་ཚོད་ལྟ་བྱས་པའི་སྐོར་ལ་གསལ་བསྒྲགས་སྤེལ་བ་སྟེ། ཁོ་རེ་ཡ་བྱང་མའི་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱིས་ངོ་རྒོལ་བྱེད་པར་མ་འཛེམས་པར། སླར་ཡང་ཉིང་རྡུལ་ཚོད་ལྟ་བྱས་པར། ཀྲུང་གོའི་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད་རྒོལ་གཏམ་དྲག་པོའང་བཏང་བ་རེད།
         ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པ་མངོན་འགྱུར་དང་། ཉིང་རྡུལ་བྱེར་འགྲམས་མི་འགྲོ་བའི་མ་ལག་སྲུང་སྐྱོང་། ཨེ་ཤ་ཡ་བྱང་ཤར་རྒྱུད་ཀྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུ་ནི་ཀྲུང་གོའི་ཕྱོགས་ཀྱིས་འཛིན་པའི་ལང་ཕྱོགས་བརྟན་པོ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱི་འདོད་བློ་ཡང་རེད། ང་ཚོས་ཁོ་རེ་བྱང་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པར་བྱ་རྒྱུའི་གནད་དོན་ཐད་ཀྱི་བློ་སྟོབས་བརྟན་པོར་མཐོང་ཆེན་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ཏན་ཏིག་བྱས་ཏེ། གནས་བབ་ཇེ་སྡུག་ཏུ་འགྲོ་བ་དང་དུས་མཚུངས་སུ་རང་ཉིད་ཀྱི་ཁེ་ཕན་དང་ཡང་མི་མཐུན་པའི་བྱ་སྤྱོད་ནོར་འཁྲུལ་ཅན་སྤེལ་མཚམས་འཇོག་དགོས་པ་དང་། གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་པའི་སྲོལ་ལམ་ཏུ་ཏན་ཏིག་ལོག་པར་སྐུལ་འདེབས་དྲག་པོ་བྱེད་རྒྱུ་ཡིན་པ་དང་།
         ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོ་རེ་བྱང་མ་དང་འབྲེལ་བའི་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་བ་བྱས་ཏེ། ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པར་བྱ་རྒྱུའི་དམིགས་ཡུལ་ལ་བློ་བརྟེན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་བ་དང་། ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་བློ་བརྟན་འགྱུར་མེད་བྱེད་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།