འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།>>ཡུན་ནན།

    ༄༅།།ཡུན་ནན་ཞིང་ཆེན་སྤམ་རྩེ་རགས་བོད་ཁུལ་གྱི་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་རྒྱུན་འཛིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡུན་ནན་ཞིང་ཆེན་སྤམ་རྩེ་རགས་བོད་ཁུལ་གྱི་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་རྒྱུན་འཛིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྤམ་རྩེ་རགས་གྲོང་རྡལ་གི་ད་ལོར་དགུང་ལོ་50ལ་ཕེབས་པའི་ཐི་མེ་ནི་གནས་དེ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཤིག་ཡིན་པ་དང་། ཁོང་མོས་ལོ་16ནས་བོད་རིགས་ཀྱི་རྒྱན་གོས་ཇུས་འགོད་ལག་རྩལ་སློབ་སྦྱོང་བྱེད་འགོ་བརྩམས་ཤིང་། ལོ་མང་རིང་ལ་འབད་བརྩོན་བྱས་པ་བརྒྱུད། སྤམ་རྩེ་རགས་ཀྱི་སྐོར་བྲོའི་རྒྱན་གོས་ཚེམ་བཟོ་བྱེད་པར་བརྟེན་ནས་བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་པ་རེད། 
         2013ལོར་ཐི་མེ་ཡིས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གོས་རྒྱན་ཀུང་སི་ཞིག་བཙུགས་ནས་རང་གི་ལག་རྩལ་རང་གི་བུ་མོ་དང་ལས་བཟོ་བ་ཚོར་བསླབས་པ་རེད། མིག་སྔར། ཀུང་སི་འདི་ཡིས་བཟོས་པའི་བོད་ཀྱི་གོས་རྒྱན་ནི་ཡུན་ནན་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་ས་ཆར་བྲིན་འཚོང་བྱེད་བཞིན་ཡོད་ལ། ད་ལོའི་ལོ་མཇུག་ཏུ་ཐི་མེ་ཡིས་ད་དུང་རང་གི་ཚེམ་བཟོ་བྱས་པའི་གོས་རྒྱན་ཁྱེར་ནས་བལ་ཡུལ་དུ་འགྲེམས་སྟོན་ལ་ཞུགས་པར་འགྲོ་རྒྱུ་རེད།
    【1】  【2】  【3】  【4】
    ༄༅།།ཡུན་ནན་ཞིང་ཆེན་སྤམ་རྩེ་རགས་བོད་ཁུལ་གྱི་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་རྒྱུན་འཛིན་པ།
      

    ཕྱོགས་བསྡུས་གསར་འགྱུར།