འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་རེས་ཐེངས་བཞི་པ་གཤམ་སྤྱོད་མཇུག་བསྒྲིལ་ཞིང་མི་གྲངས་
    4000ལྷག་ཙམ་གྱི་འགན་འཁྲི་རྩད་གཅོད་གནང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་རེས་ཐེངས་བཞི་པའི་ལྟ་སྐུལ་ཚོ་ཆུང་8ཀྱིས་ཅི་ལིན་དང་། ཀྲེ་ཅང་། ཧྲན་ཏུང་། ཧའེ་ནན། བོད་ལྗོངས། མཚོ་སྔོན། ཞིན་ཅང་(འཛུགས་སྐྲུན་དཔུང་ཚོགས་)སོགས་ཞིང་ཆེན་(རང་སྐྱོང་ལྗོངས་)བཅས་སུ་གཤམ་སྤྱོད་བྱེད་འགན་འགྲུབ་ཅིང་། མི་གྲངས་2914འགུག་འབོད་གླེང་མོལ་བྱས་པ་དང་། མི་གྲངས་4129ཡི་འགན་འཁྲི་རྩད་གཅོད་གནང་བ་རེད། 
         ཟླ་9ཚེས་4བར་དུ་ལྟ་ཞིབ་ཚོ་ཆུང་8ལ་ཁྱོན་བསྡོམས་མང་ཚོགས་ཀྱི་ཐེར་འདོན་བྱས་གྲངས་44134འབྱོར་བ་དང་། རིམ་པར་བརྩིས་ན། ལྟ་ཞིབ་བྱེད་ཡུལ་ས་གནས་ལ་ཐག་གཅོད་བྱེད་བྱར་སྤྲད་གྲངས་29189ཟིན་ཡོད། ལྟ་སྐུལ་བྱ་ཡུལ་ས་གནས་ཀྱིས་18565ཐག་གཅོད་བྱས་ཟིན་པ་དེའི་ནང་གྱོད་ཐོ་རུ་བཀོད་དེ་ཐག་གཅོད་བྱས་གྲངས་བྱས་མི་5625ཟིན་པ་དང་། དངུལ་ཆད་སྒོར་དུང་ཕྱུར་2.8བཅད་ཡོད། གྱོད་ཐོ་བཀོད་དེ་མྱུལ་ཞིབ་བྱས་གྲངས་226ཟིན་པ་དང་། བཀག་ཉར་བྱས་མི་285ཟིན་ཡོད། མི་གྲངས་2914འགུག་འབོད་གླེང་མོལ་བྱས་པ་དང་། མི་གྲངས་4129ལ་འགན་འཁྲི་བདའ་འདེད་བྱས་ཡོད། དེའི་ནང་ནས་སི་སི་ཁྲོན་ཞིང་ཆེན་དུ་འགན་འཁྲི་བདའ་འདེད་བྱས་མི་མང་ཤོས་ཟིན་ཏེ། མི་གྲངས་1020ཟིན་ཡོད། དེ་ནས་ཧྲན་ཏུང་ཞིང་ཆེན་དུ་འགན་འཁྲི་བདའ་འདེད་བྱས་མི་899ཟིན་ཡོད། དེ་མིན་རིམ་པར་ཞིན་ཅང་(དཔུང་ཚོགས་ཚུད་)ལ་མི་གྲངས་846དང་། ཅི་ལིན་དུ་མི་གྲངས་771ཀྲེ་ཅང་དུ་མི་གྲངས་266མཚོ་སྔོན་དུ་མི་གྲངས་159 བོད་ལྗོངས་སུ་མི་གྲངས་91ཧའེ་ནན་དུ་མི་གྲངས་59བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།