འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་དུ་ "9+3"སློབ་ཡོན་མི་དགོས་པར་སློབ་གསོ་ཐོབ་ནས་
    མཐར་ཕྱིན་པའི་སློབ་མ་ཐོག་མར་ལས་ཀར་ཞུགས་ཚད་98%ཡན་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། ཉེ་བའི་ལོ་འགའི་ནང་དུ་སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་དམའ་འབྲིང་སློབ་མཐར་ཕྱིན་པའི་སློབ་མ་དང་མཐོ་རིམ་སློབ་འབྲིང་སློབ་མཐར་ཕྱིན་ནས་སློབ་རིམ་མ་འཕར་བའི་སློབ་མ་ནང་ས་རུ་སློབ་ཡོན་མི་དགོས་པར་ལོ་3རིང་འབྲིང་རིམ་ལས་རིགས་སློབ་གསོ་ལེན་པའི་རྩ་འཛུགས་བྱས་ཡོད་པ་དེ་ནི། བོད་ཁུལ་གྱི"9+3"སློབ་ཡོན་མི་དགོས་པའི་སློབ་གསོ་ཡིན་པ་རེད། ཉེ་བའི་ལོ་5ཡི་རིང་ལ། སློབ་མཐར་ཕྱིན་པའི་སློབ་མ་ཁྲི་2.5ཟིན་པ་དང་། ལས་ཀར་ཞུགས་ཚད་ཐོག་མར་98%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། 
         ཉེ་བའི་ལོ་འགའི་ནང་དུ། སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བར་བརྒལ་ཚུལ་གྱི་སྐུལ་འདེད་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད་དང་། དམངས་འཚོ་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་ཞིང་། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་དུ་སློབ་ཡོན་མི་དགོས་པར་འབྲིང་རིམ་ལས་རིགས་སློབ་གསོའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དེ་ནི་བོད་ཁུལ་གྱི་སློབ་ཡོན་མི་དགོས་པའི་"9+3"སློབ་གསོ་འཆར་གཞི་ཡིན་པ་རེད། 
         སི་ཁྲོན་ཞིང་ཆེན་གྱི་ལས་ཞུགས་ཞབས་ཞུ་དོ་དམ་ཅུད་ཀྱིས་ཅུད་ཀྲང་ཧོང་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་ཞུགས་ལ་སྐུལ་འདེད་བྱེད་པའི་ཐད་དུ། སི་ཁྲོན་གྱི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་གིས་ཆེད་མངགས་ཡིག་ཆ་བཏོན་ནས། སློབ་མ་སྒེར་གྱིས་རང་མོས་ལྟར་ལས་རིགས་གདམ་གསེས་དང་། སློབ་གྲྭས་ལས་ཞུགས་ལ་སློབ་སྟོན། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན། མུ་མཐུད་ནས་སློབ་གཉེར་བྱས་ནས་ཕུལ་བྱུང་སློབ་མ་དམག་དཔུང་དུ་བསྡུ་བ་དང་། བོད་ཁུལ་གཞི་རིམ་ལས་ཁུངས་ཀྱི་བྱ་ལས་སྡེ་ཚན་དུ་(བསྡུ་བ་)སོགས་ཀྱི་ཐབས་ལམ་བརྒྱུད་ནས། 
    "9+3"ཡི་སློབ་མ་ལས་ཞུགས་ལས་གཏོད་ཐུབ་པར་བྱས་པ་རེད། ཉེ་བའི་ལོ་5ཡི་རིང་ལ། སི་ཁྲིན་ཞིང་ཆེན་བོད་ཁུལ་དུ"9+3"ཡི་སློབ་མཐར་ཕྱིན་པའི་སློབ་མ་ཁྱོན་བསྡོམས་ཁྲི་2.5ཡོད་པ་དང་། ལས་ཀར་ཞུགས་ཚད་ཐོག་མར་98%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།