འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་སྲིད་གཞུང་གིས་DACAགནས་སྤོས་ཡུལ་མིའི་འཆར་གཞི་རྩིས་མེད་གཏོང་
    རྒྱུའི་གསལ་བསྒྲགས་སྤེལ་བས་རེ་བ་འཆང་མཁན་ཁྲི་80ལ་ཤུགས་རྐྱེན་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐི་རོམ་ཕུ་སྲིད་གཞུང་གིས་DACAགནས་སྤོས་ཡུལ་མིའི་འཆར་གཞི་རྩིས་མེད་གཏོང་
རྒྱུའི་གསལ་བསྒྲགས་སྤེལ་བས་རེ་བ་འཆང་མཁན་ཁྲི་80ལ་ཤུགས་རྐྱེན་ཐེབས་པ།
         མི་དམངས་དྲ་བའི་འཕྲིན། 2012ལོར་ཨའོ་པ་མ་སྲིད་གཞུང་གིས་DACAའཆར་གཞི་སྤེལ་ནས་2007ལོའི་སྔོན་ལ་ཨ་རིར་ཡོང་བའི་ལོ་16མན་གྱི་ཁྲིམས་འགལ་གནས་སྤོས་ཡུལ་མི་ཕྱིར་སྐྱེལ་བ་གནས་སྐབས་ནར་འགྱངས་གཏོང་རྒྱུ་མ་ཟད། དུས་ཡུན་ལོ་གཉིས་རིང་གི་ལས་ཞུགས་བྱ་རྒྱུའི་རེ་ཞུ་བྱས་ཆོག་པ་རེད། མི་གྲངས་ཁྲི་80ཟིན་པའི་མི་ཚོགས་དེ་དག་ལ“རེ་བ་འཆང་མཁན”ཟེར་གྱི་ཡོད་ཅིང་། དེ་དག་མང་ཆེ་བ་ནི་ལ་ཏེན་ཨ་མེ་རི་ཀ་གླིང་གི་མི་རྒྱུད་ཡིན་པ་དང་། ད་ལྟ་ཕལ་ཆེ་བ་ལོ་15ནས་36བར་ཡིན་ཞིང་། མང་ཆེ་བ་དར་མ་ཆགས་ཡོད་པ་རེད།
         ཟླ་8ཚེས་5ཉིན་སའེ་ཧྲེང་སི་ཡིས་DACAའཆར་གཞི་རྩིས་མེད་དུ་གཏོང་བ་ཁྱབ་བསྒྲགས་བྱེད་སྐབས་འཆར་གཞི་དེ་རྩ་ཁྲིམས་ལས་འགལ་བ་མ་ཟད། ཨ་རིའི་ལྷོ་ནུབ་མཐའ་མཚམས་སུ་རོགས་པ་མེད་པའི་ལོ་ན་མ་ལོན་པའི་མི་གྲངས་མང་དུ་མགྱོགས་མྱུར་ཕྱིན་ནས་འཇིགས་སུ་རུང་བའི་མི་ཆོས་རིང་ལུགས་ཀྱི་རྗེས་འབྲས་བྱུང་ཞིང་། དུས་མཚུངས་སུ་ལས་ཞུགས་གོ་སྐབས་ཁྲིམས་འགལ་གནས་སྤོས་ཡུལ་མི་ཚོར་སྤྲད་པས། ཨ་རིའི་མི་ཁྲི་སྟོང་མང་པོར་ལས་ཀ་ཤོར་བར་བཟོས་ཡོད་ཅེས་བཤད་པ་རེད།
         ཨ་རིའི་ཙུང་ཐུང་ཐི་རོམ་ཕུ་ཡིས་གསལ་བསྒྲགས་ཀྱི་ནང་དུ་ཙུང་ཐུང་ཡིན་པའི་ཐོག་ནས་ཁོ་བོའི་འགན་འཁྲི་ཆེ་ཤོས་ནི་ཨ་མེ་རི་ཁའི་མི་དམངས་དང་རྩ་ཁྲིམས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེ་དང་དུས་མཚུངས་སུ་ཁོང་གིས་ཕ་མའི་བྱ་སྤྱོད་ཀྱི་དབང་གིས་ཕྲུ་གུར་ཆད་གཅོད་བྱེད་པར་ཡིད་མཐུན་བྱེད་ཀྱི་མིན། ཨ་མེ་རི་ཁ་ནི་ཁྲིམས་ལྟར་རྒྱལ་སྐྱོང་པའི་རྐྱེན་གྱིས་ད་གཟོད་གོ་སྐབས་ཀྱིས་ཁེངས་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བཤད་པ་རེད།
         ཐི་རོམ་ཕུ་ཡིས་ཀྱང་DACAའཆར་གཞི་ཡིས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བཟོས་ཡོད་ཅེས་བཤད་པ་མ་ཟད། ཨ་མེ་རི་ཁ་གླིང་དབུས་རྒྱུད་ནས་ཡོང་བའི་གཞོན་པ་ཚོ་ MS-13སོགས་ངན་པའི་རུ་ཚོགས་ཀྱི་ཁོངས་མིར་གྱུར་ཡོད་ཅེས་བཤད་པ་རེད།
         ཕོ་བྲང་དཀར་པོའི་གསལ་བསྒྲགས་ཀྱི་ནང་དུ་ཐི་རོམ་ཕུ་སྲིད་གཞུང་གིས་བཏོན་པའི་བྱ་ཐབས་འདི་ནི་DACAའཆར་གཞི་ཡོངས་སུ་འཕྲལ་མར་རྩིས་མེད་དུ་གཏོང་དགོས་པ་མིན་པར། ད་ཡོད་DACAའཆར་གཞིའི་ཁེ་ཕན་ཐོབ་མཁན་ཁྲོད་ཀྱི་མི་མང་ཆེ་བར་སང་ལོའི་ཟླ་3ཚེས་5ཉིན་གྱི་གོང་དུ་ཤུགས་རྐྱེན་ཐེབས་ཀྱི་མེད་པ་དང་། རྒྱལ་ཚོགས་ལ་ཁྲིམས་འཛུགས་ཐག་གཅོད་བྱ་ཐབས་འོས་འཚམས་བསམ་གཞིགས་བྱ་རྒྱུའི་དུས་ཚོད་ཟླ་བ་6ཡོད་ཅེས་བརྗོད་པ་རེད། 
         ཐི་རོམ་ཕུ་ཡིས་གསལ་བསྒྲགས་ཀྱི་ནང་དུ་རྒྱལ་ཚོགས་ཀྱིས་གནས་སྤོས་ཡུལ་མིའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཡང་བསྐྱར་ཐེངས་ཤིག་བྱས་པ་མ་ཟད། རང་ཉིད་ཀྱི་སྤྱི་མཐུན་ཏང་དང་དམངས་གཙོའི་ཏང་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ཏེ་ཨ་མེ་རི་ཁའི་སྤྱི་དམངས་དམིགས་སུ་བཀར་བའི་བྱ་ཐབས་ཐོག་ནས། གནས་སྤོས་ཡུལ་མིའི་གནད་དོན་ཐག་གཅོད་བྱེད་པར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། ཉིན་དེར་ཁོང་གིས་ད་དུང་ཐུའེ་ཐེའི་ཐོག་ཡིག་ཆ་བཀྲམ་ནས“རྒྱལ་ཚོགས་ཀྱིས་ལས་དོན་སྒྲུབ་འགོ་འཛུགས་གྲབས་ཡོད། DACA”ཅེས་བརྗོད་པ་རེད། དབྱར་དུས་ཚོགས་འདུ་འཚོག་མཚམས་བཞག་པ་བརྒྱུད་ཨ་རིའི་རྒྱལ་ཚོགས་ཀྱིས་ཚེས་5ཉིན་ནས་ལས་དོན་སྒྲུབ་འགོ་ཚུགས་པ་རེད།
         ཡིན་ནའང་ཐི་རོམ་ཕུ་སྲིད་གཞུང་གིས་DACAའཆར་གཞི་རྩིས་མེད་དུ་གཏོང་བའི་བྱ་ཐབས་དེར་རྒྱལ་ཚོགས་ཀྱི་གྲོས་མི་མི་ཉུང་བས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དུས་མཚུངས་སུ་ཀུ་ཤུ་དང་། ཀུའུ་ཀོ། མཉེན་ཆས་ཕྲ་མོ་སོགས་ཨ་མེ་རི་ཁའི་ཚན་རྩལ་ཀུང་སི་ཚུད་པའི་མཐོ་རིམ་དོ་དམ་མི་སྣས་ཀྱང་དེར་ངོ་རྒོལ་བྱེད་ཚུལ་བསྟན་པ་མ་ཟད། ཉིའུ་གཡོད་གྲོང་ཁྱེར་དང་ལུའོ་ཧྲན་ཅི་གྲོང་ཁྱེར་སོགས་སུ་ད་དུང་རྒོལ་གཏམ་གཏོང་བའི་ཁྲོམ་སྐོར་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།