འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཁན་པེ་ར་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་པེ་ར་རུ་འཚམས་འདྲི་བྱས་པ་དང་། ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་དཔོན་པོ་དང་། རིག་མཛོད་ཁང་། སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་སོགས་དང་སྤེལ་རེས་བྱེད་སྒོ་སྣ་མང་སྤེལ་ཞིང་། བོད་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། དེང་རབས་འཕེལ་རྒྱས་བྱུང་ཚུལ་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ་ད་ལྟའི་བོད་ལྗོངས་ཀྱི་རྣམ་པ་གསལ་སྟོན་བྱས་པ་རེད།
         ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་དང་ཐོག་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་དཔོན་པོར་ཐུག་འཕྲད་བྱས་པ་དང་། དེ་ནས་སྤེལ་རེས་ཚོགས་པའི་ཚོགས་མི་ཚོས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་གི་མཁས་དབང་དང་ཨོ་སི་ཁྲུ་ལི་ཡའི་སྨྱན་སྦྱོར་ལས་ཁུངས་གཙོ་བོའི་གསར་འགོད་པ་དང་སྤེལ་རེས་བྱས་པ་སྟེ། གྲངས་ཀ་དང་དོན་དངོས་རབ་དང་རིམ་པའི་ཐོག་ནས་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ལ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་དུས་རབས་ཕྱེད་ཙམ་ཕྱིན་པའི་རིང་ལ་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
         ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱིས་བཏོན་པའི་བོད་འབྲེལ་གནད་དོན་སྐོར་ལ་སྤེལ་རེས་ཚོགས་པའི་ཚོགས་གཙོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་སྐོར་གཟིགས་པ་གཞོན་པ་ཝང་ཡན་ཝུན་གྱིས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་དར་ཆ་ཁྱེར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ཞི་བདེ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ཀྲུང་གོའི་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཁན་པེ་ར་རུ་འཚམས་འདྲི་བྱས་རྗེས་སྤེལ་རེས་ཚོགས་པ་ད་དུང་ནེའུ་ཙི་ལན་གྱི་ཨོ་ཁེ་ལན་གྲོང་ཁྱེར་ལ་འཚམས་འདྲི་བྱེད་པར་བསྐྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།