འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་རེས་སྐོར་བཞི་པའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེར་ལྟ་སྐུལ་གྱོད་
    སྒྲུབ་བྱས་ནས་གནད་དོན་115ཞིབ་བཤེར་ཐུབ་པ་དང་འགན་འཁུར་བ་388ལ་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚུགས་ཀྱིས་ཚེས་27ཉིན་གནས་ཚུལ་སྤེལ་བར། ཀྲུང་དབྱང་སྒྲིག་ཨུད་ཀྱི་རེས་སྐོར་བཞི་པའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེར་གཙོ་གནད་ཐོག་ལྟ་སྐུལ་གྱོད་སྒྲུབ་བྱེད་རིང་ཞིང་ལྗོངས་20ཡི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་གནད་དོན་ཁུངས་སྣེ་46ལ་བརྟག་ཞིབ་བྱས་པར་ཞིབ་ཕྲའི་གནད་དོན་115དངོས་སུ་ཞིབ་བཤེར་ཐུབ་པ་དང་འགན་འཁུར་བ་388ལ་ཆད་པ་ཕོག་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཆད་པ་ཕོག་མཁན་ནང་ཞིང་ཆེན་ཐད་གཏོགས་སྡེ་ཚན་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པ་དང་། རྫོང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རྫོང་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པ། ཤང་གྲོང་དང་ས་ཚིགས་དང་སུའོ། དེ་བཞིན་གྲོང་ཚོ་རིམ་པའི་ལས་བྱེད་པ་བཅས་ཡོད་པ་ལས་འགོ་ཁྲིད་གཙོ་བོས་བསྡུར་གྲངས་ཕྱེད་ཀ་ལྷག་ཙམ་ཟིན་ནས་བསྡུར་གྲངས་བཟུང་ཚད་ཆེ་ཙམ་ཡོད་པ་རེད།
          རེས་སྐོར་འདིའི་ལྟ་སྐུལ་གྱོད་སྒྲུབ་ནང་མིག་སྔའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་འགའ་ཞིག་མཐིལ་བརྟོལ་བ་སྟེ། དཔེར་ན། དབུལ་སྐྱོར་རྣམ་གྲངས་དང་མ་འཇོག་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་བསྟུན་ནས། དཔལ་འབྱོར་རྩ་འཛུགས་ཁག་ལ་གོ་སྐབས་རྙེད་དེ་ཐབས་ཤེས་གང་ཡོད་ཀྱིས་དབུལ་སྐྱོར་ཁེ་ལས་ཡིན་ཁུལ་བྱས་ཏེ་དབུལ་སྐྱོར་མ་དངུལ་ཁ་བསླུས་རྒྱག་པ་དང་། ས་ཁུལ་ཁག་གཅིག་ཏུ་རོགས་རེས་དབུལ་སྐྱོར་གྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་པ་སྟེ་གྲོང་ཚོ་དབུལ་པོར་དབུལ་སྐྱོར་རོགས་རེས་ཧྲེ་སོགས་རོགས་རེས་རང་བཞིན་གྱི་རྩ་འཛུགས་བཙུགས་མོད། འོན་ཀྱང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ་དང་རོགས་རེས་མ་དངུལ་གཞན་སྤྱོད་དང་མཐའ་ན་ཧམ་བཟུང་བྱེད་བདེ་པོ་ཡོད་པ། དབུལ་སྐྱོར་མ་དངུལ་ཁག་གཅིག་གྲོང་ཚོར་འབྱོར་རྗེས་གྲོང་ཚོའི་ལས་བྱེད་པས་གང་འདོད་ལྟར་སྤྱད་ནས་གྱོང་གུན་བཟོ་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།