འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་ཡིག་གི་འཚོལ་བཤེར་མ་ལག"ཡོངས་འཛིན"ཤར་གཏོང་བྱས་ནས་ལོ་
    གཅིག་རིང་ལྟ་མཁན་མི་ཐེངས་དུང་ཕྱུར་1.2ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་བོད་ཡིག་གི་འཚོལ་བཤེར་མ་ལག“ཡོངས་འཛིན”དངོས་སུ་ཤར་གཏོང་བྱས་ནས་ལོ་གཅིག་འཁོར་བའི་མཚམས་སུ་འཚོལ་བཤེར་མ་ལག་དེར་ལྟ་མཁན་མི་ཐེངས་དུང་ཕྱུར་1.2ལས་བརྒལ་བ་དང་ལག་ཐོགས་ཁ་པར་APPནང་ཕབ་ཚད་མི་ཐེངས་ཁྲི་21ཟིན་ཡོད་པ་རེད།
         “ཡོངས་འཛིན”འདི་ཉིད“བོད་ཡིག་པར་གཞིའི་པའེ་ཏུའུ”ཡིན་ཞེས་བརྗོད་ཆོག མིག་སྔར“ཡོངས་འཛིན”བརྒྱུད་བོད་ཡིག་འཚོལ་བཤེར་བྱེད་མཁན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31དང་དེ་བཞིན་དབྱིན་ཇི་དང་། ཧྥ་རན་སེ། ཨ་རི། སུའེ་ཙེར། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་66ལ་ཁྱབ་ཡོད་པ་རེད།
         “ཡོངས་འཛིན”བོད་ཡིག་འཚོལ་བཤེར་མ་ལག་སྲོལ་གཏོད་པ་མཚོ་ལྷོ་ཀྲོའུ་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་བློ་ཡིས་གསར་འགྱུར་དང་། དྲ་ཤོག པར་རིས། བརྙན་ཐུང་། སྒྲ་བརྙན།ཤེས་བྱ་ཀུན་བཏུས། རིག་མཛོད་སོགས་ལེ་ཚན་ཆེ་གྲས་བརྒྱད་ཚང་མ་ལེགས་གྲུབ་ཟིན་པ་དང་། མ་ལག་གི་གཞི་གྲངས་མཛོད་ནང་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་གསུང་རབ་ཁྲི་1ཙམ་ཕབ་འཇུག་བྱས་ཡོད་པ། ཡོངས་འཛིན་ཤེས་བྱ་ཀུན་བཏུས་ནང་ཐ་སྙད་ཁྲི་2ཙམ་བླུགས་པ། ཡོངས་འཛིན་རིག་མཛོད་ནང་ཡིག་ཚགས་ཁྲི་1ཙམ་སྐྱེལ་འཇོག་བྱས་ཡོད་པ་རེད།
         མིག་སྔར“ཡོངས་འཛིན”བོད་ཡིག་འཚོལ་བཤེར་མ་ལག་འདི་ཉིད་དུས་མཚམས་གསུམ་པར་སླེབས་པ་དང་དེའི་ནང་མང་ཚོགས་ཀྱི་གླེང་ཕྱོགས་མ་ལག་ཞིབ་འཇུག་གསར་སྤེལ་དང་དྲ་ཐོག་གི་ཚིག་མཛོད་སོགས་ཚུད་ཡོད། ཚེ་བློ་ཡིས“གོམ་སྟབས་རྗེས་མར་ང་ཚོས་བོད་ཡིག་གི་འཚོལ་བཤེར་མ་ལག་གཉེར་ཚོང་ལམ་བུ་བཏོད་དེ་ཡོངས་འཛིན་གཉེར་སྐྱོང་དེ་གཞུང་ཕྱོགས་ནས་ཁེ་ལས་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་མ་བཏང་ནས་མི་མངོན་པའི་ཁྲོམ་ར་སྔོག་འདོན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།