འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་ལྟར་བོད་སྐད་ཀྱི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་ལེའུ་1600ལྷག་
    སྒྱུར་བཟོ་བྱས་ནས་བོད་རིགས་ས་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། གློག་བརྙན་《ཐང་རྒྱལ་རབས་ཀྱི་ཞོན་ཙང་》དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་《ལོ་རྒྱུས་ཁ་ལོ་སྒྱུར་མཚམས་ཁྲོད་ཀྱི་ཏེང་ཞའོ་ཕིང་》 ཚན་རིག་ཁྱབ་གདལ་གྱི་པར་གཞི་《བལ་གསེད་སྟངས་སྐོར་གྱི་ལག་རྩལ་》སོགས་མིག་སྔར་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་ཀྱིས་རིགས་ཁག་གི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་གཅིག་རྗེས་གཉིས་མཐུད་ངང་བོད་སྐད་ལེ་ཚན་ལ་སྒྱུར་བཟོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ནང་ཁུལ་དང་དེ་བཞིན་ཉེ་འཁོར་བོད་རིགས་ཁུལ་གྱི་མི་སེར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།
         མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་ཀྱི་ཀྲུའུ་རེན་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། དེ་སྔ་འདྲ་བཟོའི་སྒྲིག་ཆས་སྤྱོད་ཀྱི་ཡོད་པས་གློག་བརྙན་གཅིག་སྒྱུར་བཟོ་བྱེད་པར་ཉིན་7ནས་10བར་འགོར་གྱི་ཡོད་པ་དང་ལོ་རེར་ཆུ་ཚོད་200ལས་སྒྱུར་བཟོ་བྱེད་ཐུབ་ཀྱི་མེད་མོད། ད་ཆ་གྲངས་གཞི་ཅན་དུ་སྒྱུར་བཀོད་དང་མཁྲེགས་ཆས་སྒྲིག་བཀོད་རིམ་སྤོར་བྱས་པ་དང་བསྟུན་ནས་ལྟེ་གནས་དེས་ལོ་རེར་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་ཆུ་ཚོད་1300སྒྱུར་བཟོ་བྱེད་ཐུབ་ཀྱི་ཡོད་པ་དེའི་ཁྲོད་གྲངས་གཞིའི་གཏམ་རྒྱུད་གློག་བརྙན་ཁག་50དང་། དངོས་བཤུས་གློག་བརྙན་ཁག་10 བརྙན་འཕྲིན་འཁྲབ་ཚན་དང་། ཆེད་དོན་པར་གཞི། རླུང་འཕྲིན་ལེ་ཚན་སོགས་ལེའུ་1600ཡོད་པ་རེད།
         བཀྲ་ཤིས་ཀྱིས། དུས་རབས་གོང་མའི་དུས་མཇུག་ནས་བཟུང་། རྒྱལ་ཁབ་ཀྱིས་མཚོ་སྔོན་སོགས་བོད་རིགས་ས་ཁུལ་དུ་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”དང་གྲོང་གསེབ་ཏུ་གྲངས་གཞིའི་གློག་བརྙན་སྟོན་པའི་འདུ་འགོད་སོགས་དམངས་ཕན་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བ་ལས། མི་རིགས་སྐད་ཀྱི་གློག་བརྙན་བརྙན་འཕྲིན་ལེ་ཚན་དེ་བས་མང་བ་རྒྱ་ཆེའི་བོད་རིགས་ས་ཁུལ་དུ་བརྒྱུད་བསྒྲགས་བྱེད་ཐུབ་པ་རེད་ཅེས་བརྗོད།
         “ང་ཚོའི་ལྟེ་གནས་ཀྱིས་ཟླ་བ་གསུམ་རེའི་མཚམས་སུ་ཞིང་ཆེན་ཕྱི་ནང་གི་ཨ་མདོའི་བོད་རིགས་ཁུལ་གྱི་ཀྲོའུ་དང་རྫོང་ལ་རིན་མི་དགོས་པར་ལེ་ཚན་ཐེངས་གཅིག་མཁོ་འདོན་བྱེད་ཀྱི་ཡོད། སྒྱུར་བཟོ་ལྟེ་གནས་ཀྱི་པར་གཞི་རྒྱུན་ཆད་མེད་པར་དགོས་མཁོ་ཡོད་སར་བསྐྱལ་ནས་ས་གནས་དེ་གའི་བོད་སྐད་ལེ་ཚན་གྱི་པར་གཞི་དཀོན་པ་དང་ཡོང་ཁུངས་མི་དག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་བཏང་ཡོད”ཅེས་བཀྲ་ཤིས་ཀྱིས་བརྗོད།
         ཨ་མདོའི་བོད་རིགས་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་ཁྱབ་ཁོངས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་དང་། མཚོ་ལྷོ། མགོ་ལོག རྨ་ལྷོ། མཚོ་ནུབ། ཀན་སུའུ་ཡི་ཀན་ལྷོ་དང་དེ་བཞིན་སི་ཁྲོན་རྔ་པའི་ས་ཁུལ་ཆ་ཤས་བཅས་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།