འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཤིན་ཏུ་དབུལ་ པོའི་ས་ཁུལ་ལ་དམིགས་ཏེ་ཏང་འཛུགས་
    སྐྱོང་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་པའེ་སི་གྲོང་ཁྱེར་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཏང་འཛུགས་སྐྱོང་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་དབུལ་པོའི་ནང་གི་དབུལ་པོ་དང་འགག་གནད་ནང་གི་འགག་གནད་ལ་དམིགས་ནས་གཟེར་འདེབས་སྙིང་སྟོབས་ཐོག་ནས་ཧྲུའུ་ཅི་ཨང་དང་པོ་འདེམས་གཏོང་དང་། གྲོང་ཚོ་དབུལ་པོའི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་ལྷག་པར་དུ་ནུས་མེད་ཟབ་ཟོབ་ཀྱི་ཚན་ཁག་བཅོས་སྒྲིག མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། ཉམས་ཞན་གྲོང་ཚོ་དང་མིང་ཙམ་ཐོབ་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་སོགས་ལས་འགན་ཁག་བཞིའི་བླང་བྱ་སྔར་བས་དོན་འཁྱོལ་བྱེད་པ་དང་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ཀྱི་ལས་ཀའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་མཁར་རྫོང་ལྟ་བུ་ཡིན་པའི་ཤིན་ཏུ་དབུལ་པོའི་ས་ཁུལ་དེ་འགག་སྒྲོལ་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཕྱིར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།
         ཚོགས་འདུའི་ཐོག་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་སྔར་བས་སྟོབས་ཆེར་གཏོང་བར་རྫོང་དབུལ་པོའི་ཏང་སྲིད་ཀྱི་གཙོ་འགན་ཁུར་མཁན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཁར་རྫོང་དུ་སྐྲུན་ཐུབ་པ་བྱས་ཏེ་གྲོང་ཚོ་དབུལ་པོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཧྲག་འདེམས་བྱེད་པ་དང་གྲོང་ཚོ་དབུལ་པོ་རེར་རྗེས་གྲབས་ལས་བྱེད་པ་གཅིག་ནས་གཉིས་བར་གསོ་སྐྱོང་བྱེད་དགོས། མི་འཇོན་ཐང་ཅན་ཞིག་ཧྲུའུ་ཅི་ཨང་དང་པོ་བྱེད་པར་གཏོང་བ་དང་། སྟོན་ཕྱོགས་ཁ་གསལ་འཛུགས་པ། ཕུལ་བྱུང་གི་ཧྲུའུ་ཅི་ཨང་དང་པོ་དྲིལ་བསྒྲགས་གཟེངས་བསྟོད་དང་གནས་སྤོར་བསྐོ་སྤྱོད་བྱེད་པ། ལས་ཀ་གོ་མི་ཆོད་མཁན་དུས་ཐོག་ཏུ་ལེགས་སྒྲིག་བཅས་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་རྨང་གཞིའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་བརྟན་དུ་གཏོང་དགོས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྩ་འཛུགས་ཀྱི་འཚོ་བ་སྒམ་ནན་དུ་གཏོང་བ་དང་ཏང་ཡོན་གྱིས་འགོ་འཁྲིད་དེ་ཕྱུག་འགྱུར་བྱེད་པ་དང་ཕྱུག་འགྱུར་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། ཉམས་ཞན་གྲོང་ཚོ་དང་མིང་ཙམ་ཐོབ་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ལོ་གཉིས་ནས་གསུམ་བར་གྲོང་ཚོ་ཚང་མར་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཡོད་པའི་བརྩོན་ལེན་བྱེད་དགོས་ཞེས་པའི་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།