འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།གདན་ཞུའི་ཆ་འཕྲིན་སྒྲིག་འགལ་ངང་ཡོངས་བསྒྲགས་བྱེད་རིགས་ལ་མི་སྤྱི་པུས་ཞིབ་བཤེར་
    ནན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན། གདན་ཞུའི་དྲ་ཚིགས་ཁག་གཅིག་དང་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞིས་གདན་ཞུའི་ཆ་འཕྲིན་རྫུས་མ་སྒྲིག་འགལ་ངང་ཡོངས་བསྒྲགས་བྱས་ནས་ལས་ཀ་འཚོལ་མཁན་ཁག་གཅིག་མགོ་སྐོར་འོག་ཚུད་པའི་རྣམ་པ་ཐོན་པར་དམིགས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཉིན་ཤས་གོང་བརྡ་ཐོ་བཏང་ནས་གདན་ཞུའི་བྱེད་སྒོ་དང་ལྷག་པར་དུ་དྲ་སྦྲེལ་གྱི་གདན་ཞུའི་བྱེད་སྒོའི་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་ནས་གདན་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་རིང་གི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          མི་སྤྱི་པུས་མི་སྤྱོད་ཚན་པས་གདན་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་དོན་དངོས་དང་གོ་ཆོད་པ་ཡིན་དགོས་པ་ལས་ཕོ་མོ་དང་མི་རིགས་སོགས་ལ་མཐོང་ཆུང་བྱེད་པའི་ནང་དོན་འགོད་མི་ཆོག་པ་དང་། གདན་ཞུའི་བརྡ་ཆ་རྫུས་མ་ཡོངས་བསྒྲགས་བྱེད་མི་ཆོག་པ། མི་སྣ་གདན་ཞུར་ཁ་གཡར་ནས་ཚུལ་མིན་གྱི་ཁེ་ཕན་ལེན་པའམ་ཡང་ན་ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་སྤེལ་མི་ཆོག མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་དང་ལྷག་པར་དུ་དྲ་སྦྲེལ་གྱི་གདན་ཞུའི་ལས་སྟེགས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཞིབ་བཤེར་འོས་འགན་ཁྲིམས་ལྟར་བསྒྲུབས་ནས་གདན་ཞུའི་ཚན་པའི་འོས་བབ་དཔང་བདེན་ར་སྤྲོད་དང་ཆ་འཕྲིན་ཡོངས་བསྒྲགས་མི་སྣའི་དངོས་མིང་དཔང་བདེན་ར་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་ཡོངས་བསྒྲགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཆ་འཕྲིན་རྫུས་མ་ཡོངས་བསྒྲགས་སྔོན་འགོག་བཅས་བྱེད་དགོས་པ་དང་། ཞབས་ཞུ་བསྒྲུབས་ཚུལ་རྗེས་སྙེགས་ཞིབ་བཤེར་ལམ་ལུགས་བཙུགས་ཏེ་ཞབས་ཞུའི་འཕེལ་རིམ་ཤེས་རྟོགས་དང་མི་སྤྱོད་ཚན་པའི་གདན་ཞུའི་འཕེལ་རིམ་དང་ངལ་རྩོལ་པའི་ལས་འཚོལ་གདན་ཞུས་དང་ལེན་གནས་ཚུལ་ལ་རྗེས་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         མི་སྤྱི་པུས་ས་གནས་ཁག་ལ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་ཁྲིམས་འཛིན་བྱེད་ཤུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་མཉམ་དུ་དྲ་སྦྲེལ་གྱི་གདན་ཞུའི་ལས་སྟེགས་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པ་དང་མི་སྤྱོད་ཚན་པས་ངལ་རྩོལ་པར་ལས་ཀ་སྤྲོད་པ་དང་དེ་བཞིན་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞིས་ལས་རིགས་ངོ་སྤྲོད་བྱེད་རིང་གི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ཁག་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་། མི་སྤྱོད་ཚན་པས་གདན་ཞུའི་བརྡ་ཆ་རྫུས་མ་ཡོངས་བསྒྲགས་དང་། གདན་ཞུར་ཁ་གཡར་ནས་ཚུལ་མིན་གྱི་ཁེ་ཕན་ལེན་པའམ་ཡང་ན་ཁྲིམས་འགལ་གྱི་བྱེད་སྒོ་གཞན་སྤེལ་རིགས་ལ་ཁྲིམས་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་བ་དང་འབྲེལ་ཆད་པ་གཅོད་དགོས། ཆོག་མཆན་མ་ཐོབ་པར་རང་དགར་ལས་རིགས་མཚམས་སྦྱོར་གྱི་བྱེད་སྒོ་སྤེལ་རིགས་ལ་ཁྲིམས་ལྟར་སྒོ་རྒྱག་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་སྦྲགས་ཆད་པ་གཅོད་དགོས་པ་དང་། གདན་ཞུའི་ཆ་འཕྲིན་རྫུས་མ་མཁོ་འདོན་དང་ཁྲིམས་མཐུན་གྱི་ལག་ཁྱེར་མེད་པའི་མི་སྤྱོད་ཚན་པར་ལས་རིགས་མཚམས་སྦྱོར་གྱི་ཞབས་ཞུ་སྒྲུབ་རིགས་ལ་ཁྲིམས་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་བ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་དགོས་ཁར་ཆད་པ་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་དགོས། ངལ་རྩོལ་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སོགས་ལག་ཁྱེར་བཙན་ཉར་དང་ཁག་ཐེག་དང་ཁ་གཞན་ལ་གཡར་ནས་ངལ་རྩོལ་པའི་ས་ནས་གཏའ་དངུལ་དང་རྒྱུ་དངོས་ལེན་རིགས་ལ་དུས་བཀག་ནང་ཕྱིར་སྤྲོད་ཀྱི་བཀའ་གཏོང་བ་དང་འབྲེལ་ཁྲིམས་ལྟར་ཆད་པ་གཅོད་དགོས། མི་སྤྱོད་ཚན་པ་ཁག་དང་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་དང་དེ་བཞིན་དྲ་སྦྲེལ་གྱི་གདན་ཞུའི་ལས་སྟེགས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པའམ་ཡང་ན་གནོད་འཚེ་གཞན་ཕོག་རིགས་ལ་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་ཉེས་གསོག་གི་ཚད་གཞིར་སླེབས་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།