འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་གོ་ལ་ཧྲིལ་པོར་རྒྱ་མཚོའི་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱས་པ།

    "ཉི་གཏད་དམར་པོ་01རྟགས་ཅན"རྡོག་ཐོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། རང་རྒྱལ་གྱི་ཆེས་སྔོན་ཐོན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས“ཉི་གཏད་དམར་པོ་01རྟགས་ཅན”ཆིང་ཏའོ་ནས་རྡོག་ཐོན་གྱིས་ཀྲུང་གོའི་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱེད་འགོ་ཚུགས་ཡོད། དེ་ནི་རང་རྒྱལ་གྱིས་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་དང་གླིང་སྣེའི་ས་ཁུལ་གྱི་ཚན་རིག་རྟོག་ཞིབ་ཟླ་སྒྲིལ་བཏང་བའི་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་དང་པོ་དེ་ཡིན་ལ “ཉི་གཏད་དམར་པོ་01རྟགས་ཅན”གྲུ་གཟིངས་ཀྱིས་རང་རྒྱལ་གྱི་རྒྱ་མཚོ་ཆེ་མོ་དང་གླིང་སྣེའི་ས་ཁུལ་གྱི་ཚན་རིག་རྟོག་ཞིབ་ལས་འགན་ལག་བསྟར་བྱེད་ཐེངས་དང་པོ་དེའང་ཡིན་པ་རེད།
         ད་རེས་གོ་ལ་ཧྲིལ་པོའི་ཚན་རིག་རྟོག་ཞིབ་ནང་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་འགྲུལ་བཞུད་ཐེངས་46པ་དང་ཀྲུང་གོས་ལྷོ་སྣེར་ཚན་རིག་རྟོག་ཞིབ་བྱེད་ཐེངས་34པ(གངས་འབྲུག་གྲུ་གཟིངས་དང་ཚོགས་སྒྲིག་བྱ་རྒྱུ)གཉིས་ལས་འགན་གཙོ་བོར་བྱས་ཏེ་འགྲུལ་བཞུད་བྱེད་རིང་ཁོར་ཡུག་དང་། ཐོན་ཁུངས། གནམ་གཤིས་སོགས་རིག་ཚན་མང་པོར་ཕྱོགས་བསྡུས་རྟོག་ཞིབ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།