འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"འབད་འབུངས་སྟོབས་བརྩོན་གྱི་ལོ་ལྔ"ཞེས་པའི་རིམ་སྤེལ་སྙན་ཞུའི་ཚོགས་འདུའི་སྙན་
    ཞུ་ཐེངས་གཉིས་པ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱིས་པེ་ཅིང་དུ“འབད་འབུངས་སྟོབས་བརྩོན་གྱི་ལོ་ལྔ”ཞེས་པའི་རིམ་སྤེལ་སྙན་ཞུའི་ཚོགས་འདུའི་སྙན་ཞུ་ཐེངས་གཉིས་པ་བྱས་ཤིང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་པུའི་པུའུ་ཀྲང་དབྱང་ཞའོ་ཏུའུ་གདན་དྲངས་ནས་ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘7·26’གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་མ་གཏོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས”ཞེས་པའི་ཆེད་དོན་སྙན་ཞུ་གནང་བ་རེད།
          དབྱང་ཞའོ་ཏུའུ་ཡིས་སྙན་ཞུའི་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གསུང་བཤད་གལ་ཆེན་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཏང་གི་བླང་བྱ་གསར་པར་མུ་མཐུད་སྐུལ་མ་གཏོང་རྒྱུ་ཁ་གསལ་བཏོན་ཡོད་པས། དེ་ནི་དུས་བབ་གསར་པའི་འོག་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་བསམ་བློའི་ཕྱོགས་སྟོན་ཞིག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་མ་གཏོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་བསྲུང་བྱ་ཞིག་ཀྱང་ཡིན་པ་བསྟན་ཡོད་པ་རེད།
         དབྱང་ཞའོ་ཏུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་མ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་དང་ཏང་གི་སྲིད་སྐྱོང་རྨང་གཞིར་ཉེན་ཁ་ཆེ་ཤོས་བཟོ་བའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཧུར་ཐག་བྱས་པས་རུལ་རྒོལ་འཐབ་རྩོད་ཀྱི་ཟིལ་གནོན་རྣམ་པ་ཞིག་ཆགས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་འགན་ལེན་བྱུང་ཡོད་པ་སྟེ། གཅིག་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་བཏང་སྟེ“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། གཉིས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ཏུ་བརྩིས་ནས་མཐའ་འཁྱོངས་བྱེད་རིང་གཏིང་ཟབ་ཏུ་གཏོང་བ་དང་ཟབ་ཏུ་གཏོང་རིང་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་པོ་ཞིག་ཆགས་རྒྱུར་སྣེ་ཁྲིད་བྱས་པ། གསུམ་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་དོན་འཁྱོལ་བྱས་ནས་ཏང་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་སྲ་བརྟན་དང་གོང་འཕེལ་བྱུང་བ། བཞི་ནས་ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་ཏུ་བཏང་ནས་འགན་འཁུར་བའི་སྐབས་དེའི་རིང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། ལྔ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་མི་འདེམས་མི་སྤྱོད་ཀྱི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་པོ་བསྲུངས་ཏེ་སྒྲིག་ཁྲིམས་ལག་བསྟར་གྱི“རྣམ་པ་རིགས་བཞིར”དངོས་སུ་ལྟ་སྐུལ་བྱས་པ། དྲུག་ནས་རུལ་སུངས་བཀག་འགོག་བྱེད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ། བདུན་ནས་རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་བྱ་ཤུགས་ཆེ་རུ་བཏང་བ། བརྒྱད་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་ཐོག་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་རང་ངོས་ལྟ་སྐུལ་འཐུས་ཚང་དུ་བཏང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།