འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་ཅིང་ཧོ་རྫོང་གིས་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་
    བཟོ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་གྱི་ཉིན་དགུང་གསར་འགོད་པས་ཤིན་ཅང་པོའར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཅིང་ཧོ་རྫོང་ཝུའུ་ལན་ཏན་ཏ་ཀའེ་གྲོང་ཚོ་དང་ཡེ་ལི་སི་ནན་ཡེ་ཁེན་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ཚོས་ཚ་སོབ་སོབ་ཀྱི་ལྟོ་ཆས་ཟ་བཞིན་སེམས་རྣལ་དུ་ཕབ་པ་ཞིག་མཐོང་བྱུང་། མིག་སྔའི་བར། པོ་ཀྲོའུ་ཡིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། དབུལ་སྒྲོལ་འགག་སྒྲོལ། མི་རིགས་ཁག་གི་སྐྱིད་སྣང་འདོད་པའི་སྡོད་ཁང་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་བསམ་བློ་གཏོང་བ་མཐའ་འཁྱོངས་བྱས་ཏེ་《ཤིན་ཅང་ཅིང་ཧོ་རྫོང་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་》དང་《ཤིན་ཅང་པོ་ཀྲོའུ་ཅིང་ཧོ་རྫོང་ཐུའོ་ལི་གྲོང་རྡལ་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དོན་སྤྱི་རང་བཞིན་གྱི་འཆར་འགོད་》བཟོ་འགོ་ཚུགས་པ་རེད།
         འཆར་འགོད་བཟོ་བའི་བརྒྱུད་རིམ་ནང་ཤིན་ཅང་པོ་ཀྲོའུ་ཡི་ཤང་དང་གྲོང་གསེབ་ཀྱི་ལས་བྱེད་པ་ཚང་མས་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་ལ་ཁྲིད་སྟོན་དང་མཐུན་སྦྱོར་གཅིག་གྱུར་བྱས་པ་དང་། ཤང་དང་གྲོང་རྡལ་ཁག་གི་ལས་བྱེད་པ་དང“དམངས་ཀྱི་གནས་ཚུལ་འདྲི་རྟོག་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྒྲིལ”བཅས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་དྲ་མིག་ཅན་ཚན་པར་བྱས་ཏེ་ཏང་ཡོན་འཕྲལ་རྒོལ་རུ་ཁག་དང་གེགས་སེལ་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་པའི་དུད་ཚང་རེ་རེ་བཞིན་གྱི་མི་དང་། སྡོད་ཁང་། རྒྱུ་ནོར་བཅས་ལ་བརྟག་དཔྱད་མཐིལ་རྟོག་བྱས་ཏེ་གེགས་ཁུལ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་11300ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ་རེད།
         མིག་སྔའི་བར། ཤིན་ཅང་པོའར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཡིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ས་ཡོམ་ཐད་ཀྱི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ད་ཐེངས་ཀྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་ཐོ་ལི་གྲོང་རྡལ་ཝུའུ་ལན་ཏན་ཏ་ཀ་གྲོང་ཚོ་དང་ཡེ་ལི་སི་ནན་ཡེ་ཁེན་གྲོང་ཚོའི་སྡོད་ཁང་ཁ་འགྲེམ་ཁུལ་8གཅིག་སྡུད་བཀོད་སྒྲིག་ས་ཚིགས་3ལ་ཟླ་སྒྲིལ་བཏང་ནས་ས་ཆ་དེ་རང་དུ་བསྐྱར་སྐྲུན་བྱ་རྒྱུ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་དང་མི་རིགས་ཁག་གི་གནས་སྡོད་གོམས་གཤིས་ལ་སྤྱི་འདོམས་བསམ་བློ་བཏང་སྟེ་དུད་ཚང་རེར་སྨི་གྲུ་བཞི་80དང་ས་ཡོམ་རིམ་པ་8འགོག་པའི་གཅིག་གྱུར་ཚད་གཞི་གཞིར་བཟུང་། གྲོང་ཚོ་འཆར་འགོད་དང་། སྡོད་ཁང་སྒོ་རའི་ངོས་སྙོམས་འཆར་འགོད་། སྡོད་ཁང་གི་གྲུབ་ཆ་འཆར་འགོད་བཅས་བཟོ་རྒྱུ་དང་འབྲེལ་ཁོར་ཡུག་དཔྱད་ཞིབ་སོགས་ཀྱི་ལས་དོན་ཁག་དུས་གཅིག་ཏུ་ཡག་པོ་བསྒྲུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།