འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་སྦྲེལ་+བདེ་ཐང་དོ་དམ་གྱིས་གྲོང་གསེབ་ཀྱི་སྨན་བཅོས་ཞན་ཆ་གསབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཉམས་ཞན་དང་། འཕྲོད་བསྟེན་ཁང་གི་སྒྲིག་ཆས་རྙིང་འགྱུར། སྨན་དོན་མི་སྣ་དཀོན་པ་བཅས་ཀྱི་གནད་དོན་ལ་དམིགས་ནས་ཝུའུ་ཀྲེ་ཧྲན་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྒྱུར་བཅོས་བྱས་ཏེ“བདེ་ཐང་དོ་དམ་འཕྲུལ་ཆས་དང་། སྐབས་བསྟུན་བཅར་འདྲིའི་འཕྲུལ་ཆས། ལག་ཐོགས་ཁ་པར། གློག་ཀླད་བཅས”དང“འགན་འཁྲི་འཁུར་མཁན་སྨན་པ་དང་། གྲོང་མི། སྨན་ཁང་གི་དོ་དམ་པ། ཁྱིམ་ཚང་གི་འགན་འཁུར་མཁན། གྲོང་ཚོའི་སྨན་པ”བཅས་ཀྱི་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་དྲ་སྦྲེལ་+བདེ་ཐང་དོ་དམ་གྱི་རྒྱང་ཁྲིད་ལས་སྟེགས་བཏོད་པ་རེད། ཧྲུའེ་མན་ཤང་དུ་དཔེ་སྟོན་ཁུལ་བསྐྲུན་པ་བརྒྱུད། ཝུའུ་ཀྲེ་ཧྲན་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གིས་སྨན་བཅོས་ཐོན་ཁུངས་ཀྱི་ཞན་ཆ་གསབ་རྒྱུར་སྣེ་ཁྲིད་དང་སྨན་བཅོས་ཐོན་ཁུངས་གོང་འོག་གང་སར་ཁྱབ་རྒྱུར་སྐུལ་མ་བཏང་ནས་སྨན་བཅོས་བདེ་ཐང་གི་ཆ་འཕྲིན་མཉམ་སྤྱོད་ཀྱིས་གྲོང་གསེབ་དབུལ་པོར་གནད་སྨིན་དབུལ་སྐྱོར་བྱེད་རོགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།