འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་རྣམ་གྲངས་31བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། ཁུན་མིང་ཞིང་ཆེན་གྱིས་ཁུན་མིང་གི་ཏེན་རྫིང་སྐོར་བའི་ས་མཐོའི་རྐང་འཁོར་གདན་ཞུའི་འགྲན་བསྡུར་དང་། ཏ་ཧྲན་པའོ་གཤོག་སྒར་འཕུར་སྐྱོད་འཛམ་གླིང་བུམ་པའི་སྤྱིའི་མཐའ་བསྡུར་སོགས་ཀྱི་ལུས་རྩལ་ཡུལ་སྐོར་རྩེར་སོན་རྣམ་གྲངས་31དཔྱད་འདེམས་བྱས་པ་རེད། འབྱུང་འགྱུར་རྣམ་གྲངས་དེ་དག་ཡུན་ནན་ཞིང་ཆེན་གྱི་ཕྱི་རོལ་ལུས་རྩལ་གྱི་སྤུས་རྟགས་གཙོ་བོ་ཞིག་ཡིན་པའི་ཆ་ནས་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་ཕྱི་རོལ་གྱི་ལུས་རྩལ་གནས་མཆོག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
         ད་ཐེངས་ཀྱི་དཔྱད་འདེམས་དེ་ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་དང་ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཡུན་ནན་ཞིང་ཆེན་རི་འཛེག་ཕྱི་རོལ་ལུས་རྩལ་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། གསར་དུ་ཚུད་པའི་ལུས་རྩལ་ཡུལ་སྐོར་རྩེར་སོན་རྣམ་གྲངས་རིགས་བཞི་ལ་དབྱེ་བ་སྟེ། དེ་དག་མཛེས་ལྗོངས་ཁུལ་དང་། འགྲན་བསྡུར། ལུས་རྩལ་ཡུལ་སྐོར་ལམ་ཐིག ཡུལ་སྐོར་དམིགས་ས་བཅས་དང་འབྲེལ་བ་ཡོད་པ་དང་། རྗེས་སུ“ཀྲུང་གོའི་ལུས་རྩལ་ཡུལ་སྐོར་རྩེར་སོན་རྣམ་གྲངས”ཀྱི་དཔྱད་འདེམས་ལ་ཞུགས་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བ་དཀར་པོའི་རྒྱལ་ཁབ་སྤྱི་གླིང་སོགས་ལུས་རྩལ་ཡུལ་སྐོར་རྩེར་སོན་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། ཀྲུང་གོའི་ཀྲའོ་ཐུང་ཏ་ཧྲན་པའོ་གཤོག་སྒར་འཕུར་སྐྱོད་འཛམ་གླིང་བུམ་པའི་སྤྱིའི་མཐའ་བསྡུར་སོགས་ལ་ལུས་རྩལ་ཡུལ་སྐོར་རྩེར་སོན་གྱི་འགྲན་བསྡུར་གྱི་མཚན་སྙན་ཐོབ་པ། སེམས་ཀྱི་ཉི་ཟླའི་ཧ་པ་གངས་རིའི་རི་འཛེག་གོམ་བགྲོད་རྩེར་སོན་ལམ་ཐིག་སོགས་ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་ལ་བདམས་པ། སེམས་ཀྱི་ཉི་ཟླའི་སྣོད་བཅུད་ལུས་རྩལ་སྤྱི་གླིང་སོགས་ལུས་རྩལ་ཡུལ་སྐོར་རྩེར་སོན་གྱི་ཡུལ་སྐོར་དམིགས་སར་གྱུར་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།