འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་72འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་གྱི་སྔ་དྲོ“2017ལོའི་ནན་ཅིང་རྒྱལ་སྤྱིའི་ཞི་བདེའི་འདུ་ཚོགས”དེ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དུ་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་རྒྱལ་སྤྱིའི་ཞི་བའི་འདུ་ཚོགས་བྱེད་སྒོ་དེ་ནན་ཅིང་གྲོང་ཁྱེར་ཕྱི་ཕྱོགས་ལས་དོན་གཞུང་ལས་ཁང་དང་དྲན་གསོ་ཁང་གིས་གཙོ་གཉེར་བྱས་པ་ཞིག་རེད། གཡོད་ཧན་·མ་ཅེའི་ཚ་བོ་ཁེ་ལི་སི་·མ་ཅེ་དང་རི་པིན་ཧྲེན་ཧུའུ་·ནན་ཅིང་གཅིག་སེམས་གཅིག་སྦྲེལ་ཚོགས་པའི་ཐེངས་21པའི་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པས་ཕ་ཁི་སི་ཐན་དང་། བྷང་ག་ལ། ཅོར་ཏན། རྒྱ་གར། ཀག་ན་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་རྒྱལ་སྤྱིའི་ཕྱི་སྦྱོང་སློབ་མ་དང་དེ་བཞིན་དྲན་གསོ་ཁང་གི་ལས་དོན་མི་སྣ་དང་དྲན་གསོ་ཁང་གི་དང་བླངས་པ་སོགས་དང་མཉམ་དུ་འདུ་ཚོགས་ནང་ཞུགས་ཡོད་པ་རེད།
         རི་པིན་ཧྲེན་ཧུའུ་·ནན་ཅིང་གཅིག་སེམས་གཅིག་སྦྲེལ་ཚོགས་པ་དང་བཅས་པའི་མི་གྲངས་20དྲན་གསོ་ཁང་དུ་ཡོང་ནས་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཁྲི་30ལ་མྱ་ངན་ཞུས་པ་དང་ཆབས་ཅིག་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་ནས་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་བརྒྱབ་ཡོད། ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཚོགས་པ་དེ་ནི་རི་པིན་གྱི་དམངས་ཁྲོད་རྩ་འཛུགས་ཤིག་ཡིན་པ་དང་ཀྲུང་གོ་དང་རི་པིན་དབར་གྱི་མཛའ་མཐུན་ལ་གཞོལ་མཁན་དམངས་ཁྲོད་ཀྱི་མི་སྣ་ལས་གྲུབ་པ་ཞིག་རེད། ལོ་ལྟར་ཟླ་8ཚེས་15ཉིན་ཚང་མ་ནན་ཅིང་དུ་ཞི་བདེའི་འདུ་ཚོགས་ལ་ཡོང་རྒྱུ་དེ་ལོ་21རྒྱུན་འཁྱོངས་བྱས་ཡོད།
         ཕ་ཁི་སི་ཐན་ནས་ཡོང་བ་དང་མིག་སྔར་ནན་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཕྱི་སྦྱོང་སློབ་མའི་འཐུས་མིས“1945ལོའི་དེ་རིང་སྡིག་ཉེས་བསགས་ནས་བཙན་འཛུལ་དམག་འཁྲུག་སློང་མཁན་རི་པིན་གྱིས་ཆ་རྐྱེན་མེད་པའི་སྒོ་ནས་མགོ་སྒུར་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཛམ་གླིང་གི་དམག་འཁྲུག་ལ་མཐར་རྒྱལ་ཁ་ཐོབ་ཡོད་པ་རེད། ལོ་72ཀྱི་རྗེས་སུ་ང་ཚོ་འདི་གར་མཉམ་འཛོམས་བྱས་ནས་ལོ་རྒྱུས་ལ་རྗེས་དྲན་དང་ཞི་བདེར་གཅེས་སྤྲས་བྱེད་ཀྱི་ཡོད། རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་དུས་རྟག་ཏུ་སེམས་བཟང་ཅན་ཀུན་གྱིས་ཞི་བདེར་བློ་ཁ་ཕྱོགས་པ་དང་བརྟན་སྲུང་བྱེད་དགོས་པའི་རེ་འབོད་བྱེད་པ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེར་དགའ་བའི་གཞོན་སྐྱེས་སློབ་མ་ཚང་མས་ཕྲག་ཐོག་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་བློ་ལ་བརྟན་པོ་ངེས་དགོས་པ་ར་སྤྲོད་ཐུབ་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།