འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་རེ་ཞུའི་དཔྱད་གཞིའི་ཡིག་རིགས་རྫུས་མ་
    བཟོས་རིགས་ལ་ཁྲིམས་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་《སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོ་འགོད་རེ་ཞུའི་དཔྱད་གཞིའི་ཡིག་རིགས་རྫུན་བཟོའི་ཉེས་དོན་གྱོད་གཞིའི་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་ཐག་གཅོད་བྱ་རྒྱུའི་སྐོར་གྱི་འགྲེལ་བཤད་》ཡོངས་བསྒྲགས་བྱས་པའི་དམིགས་ཡུལ་ནི། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་རེ་ཞུའི་དཔྱད་གཞིའི་ཡིག་རིགས་རྫུན་བཟོའི་ཉེས་གསོག་བྱ་སྤྱོད་ཁྲིམས་ལྟར་བཅོས་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཡིན་པ་རེད།
        ད་ཐེངས་ཡོངས་བསྒྲགས་བྱས་པའི་ཁྲིམས་འཛིན་འགྲེལ་བཤད་ལ་གཞིགས་ནས། སྨན་རྫས་ནད་ཐོག་སྨན་བཅོས་མིན་པའི་ཞིབ་འཇུག་སྒྲིག་གཞི་དང་། སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་སྒྲིག་གཞི། གན་རྒྱའི་ཞིབ་འཇུག་རྩ་འཛུགས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་སྨན་རྫས་ནད་ཐོག་སྨན་བཅོས་མིན་པའི་ཞིབ་འཇུག་སྙན་ཞུ་དང་། སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་སྙན་ཞུ། དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་རྫུས་མ་བཅས་རྐང་བཙུགས་ནས་མཁོ་འདོན་བྱས་རིགས་ལ་ཆ་མཚོན་ན། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉི་ཤུ་རྩ་དགུའི་གཏན་འབེབས་ཀྱི“ངོ་སྤྲོད་ཡིག་ཆ་རྫུས་མ་རྐང་བཙུགས་ནས་མཁོ་འདོན”བྱེད་མཁན་ལ་གཏན་འཁེལ་བྱས་པ་རེད།
         དེ་དང་ཆབས་ཅིག ཁྲིམས་འཛིན་འགྲེལ་བཤད་ནང་། སྨན་རྫས་ནད་ཐོག་སྨན་བཅོས་མིན་པའི་ཞིབ་འཇུག་གམ་ཡང་ན་སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་རིང་ཚོད་ལྟའི་སྤྱོད་སྨན་རྫུས་མ་རྐང་བཙུགས་ནས་བེད་སྤྱོད་བྱེད་མཁན་དང་། སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་སྤྱོད་སྨན་རྫུན་ཞུ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་ཚབས་ཆེན། ཐོག་མའི་སྨན་རྫས་ནད་ཐོག་སྨན་བཅོས་མིན་པའི་ཞིབ་འཇུག་གཞི་གྲངས་སམ་ཡང་ན་སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་གཞི་གྲངས་ལ་རྐང་བཙུགས་ནས་གནོད་འཚེ་གཏོང་བ་སོགས་ཀྱི་གནས་ཚུལ་ལྡན་རིགས་ལ་ཆ་མཚོན་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་ཉི་ཤུ་རྩ་དགུའི་གཏན་འབེབས་ཀྱི“གནས་ཚུལ་ཚབས་ཆེན”ལ་ངོས་འཛིན་ཆོག་པ་དང་ར་སྤྲོད་ཡིག་ཆ་རྫུས་མ་མཁོ་འདོན་བྱས་པའི་ཉེས་པའི་ཐོག་ནས་ལོ་ལྔ་མན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་གཏོང་རྒྱུ་ཡིན་པ་རེད།
         སྨན་རྫས་ཐོ་འགོད་རེ་ཞུ་བྱེད་མཁན་གྱིས་རང་དགར་གཞི་གྲངས་རྫུན་བཟོ་བྱས་པའི་བྱ་སྤྱོད་ཀྱི་ངོ་བོ་གཏན་འཁེལ་བྱས་པའི་གནད་དོན་ལ་དམིགས་ནས། ཁྲིམས་འཛིན་འགྲེལ་བཤད་ནང་སྨན་རྫས་ཐོ་འགོད་རེ་ཞུ་ཚན་པའི་ལས་དོན་མི་སྣས་འགྲེལ་བཤད་འདིའི་གཏན་འབེབས་དང་འཚམ་པའི་སྨན་རྫས་རྫུས་མའི་ནད་ཐོག་སྨན་བཅོས་མིན་པའི་ཞིབ་འཇུག་སྙན་ཞུ་དང་། སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་སྙན་ཞུ། དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་བཅས་རྐང་བཙུགས་ནས་བེད་སྤྱོད་བྱས་པ་དང་སྨན་རྫས་ཀྱི་ཆོག་མཆན་ར་སྤྲོད་ཡིག་ཆ་གཡོ་ལེན་བྱས་ནས་སྨན་རྫས་ཐོན་སྐྱེད་དང་བྲིན་ཚོང་བྱས་རིགས་ལ་ཆ་མཚོན་ན། ཉེས་ཁྲིམས་དོན་ཚན་བརྒྱ་དང་བཞི་བཅུ་ཞེ་གཅིག་གི་གཏན་འབེབས་ལ་གཞིགས་ནས་སྨན་རྫུས་མ་ཐོན་སྐྱེད་དང་བྲིན་ཚོང་བྱས་པའི་ཉེས་པའི་ཐོག་ནས་ཆད་པ་གཅོད་རྒྱུ་ཡིན་པ་རེད།
         ཁྲིམས་འཛིན་འགྲེལ་བཤད་ནང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོ་འགོད་རེ་ཞུར་ཞིབ་དཔྱད་ཀྱི་འགན་འཁྲི་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པའམ་ཡང་ན་ལས་འགན་སྣང་མེད་དུ་བཏང་བ་ལས། ར་སྤྲོད་དཔྱད་གཞིའི་ཡིག་རིགས་རྫུས་མ་སྤྱད་པའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ལ་ཐོ་འགོད་ཐོབ་ནས་སྤྱི་པའི་རྒྱུ་ནོར་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་ཕོག་རིགས་ལ་ཆ་མཚོན་ན། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་དགུ་བཅུ་གོ་བདུན་གྱི་གཏན་འབེབས་ལ་གཞིགས་ནས་འགན་དབང་གི་ཉེས་པ་གང་བྱུང་དུ་སྤྱོད་པའམ་ཡང་ན་འགན་འཁྲི་བསྲུང་རྒྱུ་སྣང་མེད་དུ་བཏང་བའི་ཉེས་པར་གཞིགས་ནས་ཉེས་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་གསལ་པོར་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།