འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་འགྲེམ་རྣམ་པའི་གློག་ཤུགས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ལག་རྩལ་
    སྒྲིག་གཞི་ཐོག་མ་དེ་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། གསར་འགོད་པར་ཉིན་ཤས་གོང་རྒྱལ་ཁབ་གློག་དྲ་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་ཀུང་སིས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་གློག་ལས་ཨུ་ལྷན(IEC)གྱི“ཁ་འགྲེམ་རྣམ་པའི་གློག་ཤུགས་ནུས་རྒྱུ་མ་ལག་གི་ཡན་ལག་ལག་རྩལ་ཨུ་ལྷན”འཛུགས་རྒྱུའི་ཆོག་མཆན་ཐོབ་པ་རེད། དེ་ནི་IECཡིས་ཁ་འགྲེམ་རྣམ་པའི་གློག་ཤུགས་ནུས་རྒྱུའི་ཁྱབ་ཁོངས་སུ་བཙུགས་པའི་ཚད་གཞི་ཅན་གྱི་ལག་རྩལ་སྒྲིག་གཞི་ཐོག་མ་དེ་ཡིན་ལ། ཀྲུང་གོས་ཁ་འགྲེམ་རྣམ་པའི་གློག་ཤུགས་ནུས་རྒྱུའི་ཁྱབ་ཁོངས་སུ་དྲུང་ཡིག་ཁང་གི་ལས་འགན་འཁུར་བའི་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ཨང་དང་པོ་དེའང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།