འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱིས“ལེ་དབར་ཁྲིའི་ཇ་ལམ”རྒྱལ་སྤྱིའི་
    ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་མཉམ་དུ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི“ལེ་དབར་ཁྲིའི་ཇ་ལམ”རྒྱལ་སྤྱིའི་ཡུལ་སྐོར་མནའ་འབྲེལ་དྲུང་ཆེ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱིས“ལེ་དབར་ཁྲིའི་ཇ་ལམ”ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་མཉམ་དུ་གཏོད་པ་དང་འཆར་གཞི་ལྟར་ན། ལོ་ངོ་300ཙམ་གྱི་ལོ་རྒྱུས་ལྡན་པའི་ཉོ་ཚོང་བགྲོད་ལམ་དེ་རྒྱལ་སྤྱིའི་ཡུལ་སྐོར་གྱི་སྤུས་རྟགས་ཤིག་ཏུ་གཏོད་རྒྱུ་ཡིན་པ་རེད།
           ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི“ལེ་དབར་ཁྲིའི་ཇ་ལམ”རྒྱལ་སྤྱིའི་ཡུལ་སྐོར་མནའ་འབྲེལ་2016ལོའི་ཟླ་7ཚེས་22ཉིན་བཙུགས་པ་དང་དྲུང་ཆེ་ཁྲུའུ་ནང་སོག་རང་སྐྱོང་ལྗོངས་སུ་བཙུགས་ཤིང་། གསར་གཏོད་ཁོངས་མིའི་ཚན་པའི་གྲས་སུ་ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་དང་། ཅང་ཤིས་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཧོ་ནན་ཞིང་ཆེན། ཧོ་པེ་ཞིང་ཆེན། ཧྲན་ཤིས་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས་བཅས་དང་མོང་གོལ་རྒྱལ་ཁབ་ཀྱི་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་དང་དེ་བཞིན་ཨུ་རུ་སུའི་ཧོ་པེ་ཅའར་མཐའ་མཚམས་ཁུལ་དང་། སྦེར་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ། དབྱིའར་ཁུའུ་ཙེ་ཁེ་ཀྲོའུ་སོགས་ཀྱི་ཡུལ་སྐོར་སྡེ་ཚན་ཚུད་ཡོད། 
           ནང་སོག་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་སྐོར་གཟིགས་པ་གཞོན་པ་ཀྲེང་ཅ་ཉིང་གིས་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་ཕན་ཚུན་སྦྲེལ་མཐུད་དང་རྒྱལ་མཚམས་ལས་གྲོལ་བའི་ཡུལ་སྐོར་མཚམས་ཚིགས་ཤར་གཏོང་བྱས་པ་དང“ལེ་དབར་ཁྲིའི་ཇ་ལམ”རྒྱལ་སྤྱིའི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་མཉམ་དུ་བཏོད་པ། ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་མཉམ་ལས་ངང་སྤྱད་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཉམ་དུ་རིམ་སྤོར་བཅས་བྱས་ཏེ་རྒྱལ་མཚམས་ལས་གྲོལ་བའི་ཡུལ་སྐོར་བར་བདེ་འཇགས་དང་། སྐྱིད་སྣང་དོད་པ། སྐྱོན་བྲལ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          ཀྲེང་ཅ་ཉིང་གིས་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས“2017ལོའི་མཛེས་སྡུག་ལྡན་པའི་ཀྲུང་གོ——ལེ་དབར་ཁྲིའི་ཇ་ལམ”དང་མོང་གོལ་ས་མཐོའི་མཐིང་མདོག་གི་ཡུལ་སྐོར་སོགས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་གྱི་གཙང་གླས་གནམ་གྲུ་དང་རྒྱལ་སྤྱིའི་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་རྒྱུན་མཐུད་ངང་ཤར་གཏོང་ཐུབ་ནས་རྒྱལ་མཚམས་ལས་གྲོལ་བའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་མཚམས་ལས་གྲོལ་བའི་ཡུལ་སྐོར་སྤེལ་རེས་ཀྱི་མི་མངོན་པའི་ནུས་པ་སྔར་བས་སྔོག་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ལེ་དབར་ཁྲིའི་ཇ་ལམ”ནི་ཧྥུའུ་ཅན་ཝུའུ་དབྱི་རི་བོའི་ཇ་ཐོན་ཁུལ་ནས་བྱུང་བ་དང་ལམ་བར་རང་རྒྱལ་གྱི་ཧུའུ་ནན་དང་། ཧུའུ་པེ། ཧོ་ནན། ཧྲན་ཤིས། ཧོ་པེ། ནང་སོག་བཅས་བརྒྱུད་དགོས་ཤིང་། བྱང་ནས་མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུའི་མོ་སི་ཁོ་ནས་ཐད་ཀར་ཧྲེང་པི་ཏ་པའོ་ཡི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་འཕྲེད་བརྒལ་བྱས་པའི་ལེ་དབར་ཁྲི་ཡི་བར་ཆོད་པའི་ཇ་དབོར་འདྲེན་གྱི་ལམ་བུ་དེ་དུས་རབས་3ལྷག་ཙམ་རིང་དར་རྒྱས་ཆེན་པོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།