འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་གི་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་
    སྐབས་བཅུ་དྲུག་པ་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན་གྱི་དགོང་མོ་ཧུའུ་ནན་ཁྲང་ཧྲ་རུ“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་གི་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་སྐབས་བཅུ་དྲུག་པའི་མཐའ་བསྡུར་དང་མཇུག་འགྲིལ་མཛད་སྒོ་འཚོགས་ཤིང་། འཁྲུག་ཆ་དོད་པའི་འགྲན་བསྡུར་བརྒྱུད་སུའུ་ཏན་གྱི་བདམས་ཐོན་པ་ཀྲའོ་ཀྲི་ཤིང་རྣམ་པར་རྒྱལ་ཏེ་སྐབས་འདིའི“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་མ་ཟད། “རྒྱ་སྐད་མཁས་པའི”མཚན་སྙན་ཡང་ཐོབ་ཡོད།
         མཐའ་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་ལྔ་པོ་ནི་གླིང་ཆེན་ལྔའི་ཨང་དང་པོ་ཐོབ་མཁན་ཤ་སྟག་རེད། ཁོང་ཚོ་ནི་འཇར་མན་འགྲན་ཁུལ་གྱི་ཧོ་པན་ཏེ་དང་། མ་ལེ་ཞི་ཡའི་འགྲན་ཁུལ་གྱི་ཧྲ་སྨིའར། ཨ་རིའི་འགྲན་ཁུལ་གྱི་མུའུ་ཁྲེན་ཕུང་། ཨོ་སི་ཁྲུ་ལི་ཡའི་འགྲན་ཁུལ་གྱི་ལིའུ་སི་ཡོན། སུའུ་ཏན་འགྲན་ཁུལ་གྱི་ཀྲའོ་ཀྲི་ཤིང་བཅས་རེད། ཁོང་ཚོས་འགྲན་བསྡུར་མང་པོ་ལས་རྣམ་པར་རྒྱལ་བ་དང“ཟམ་སྒྲོལ་འགྲན་བསྡུར”དང་། བསྐྱར་འགྲན། མཐའ་བསྡུར་བཅས་རིམ་པ་རེ་རེ་བརྒྱུད་མཐར་རྒྱལ་ཁབ་112ཀྱི་འགྲན་ཞུགས་བདམས་ཐོན་པ་145ཡི་ཁྲོད་ནས་རྣམ་པར་རྒྱལ་ཏེ་མཐའ་བསྡུར་ལ་ཚུད་ཡོད།
         འགྲན་བསྡུར་གྱི་རེས་སྐོར་མཐའ་མའི་འགྲན་བསྡུར་དྲག་པོའི་ཁྲོད་ཀྲའོ་ཀྲི་ཤིང་དང་ཧྲ་སྨིའར་གྱི་སྐར་གྲངས་མཉམ་དུ་འཕར་ནས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་ཡིད་དབང་འཕྲོགས། མཐར་སུའུ་ཏན་གྱི་བདམས་ཐོན་པ་ཀྲའོ་ཀྲི་ཤིང་སྐར་མ་7གྱིས་མཐོ་བས་ཨང་དང་པོ་ཐོབ་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་ནི་རྒྱལ་ཁབ་རྒྱ་སྐད་རྒྱལ་སྤྱིར་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་རྒྱ་སྐད་འགྲན་བསྡུར་ཆེ་གྲས་ཤིག་རེད། 2002ལོ་ནས་ད་བར་སྐབས་16གཉེར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།