འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་
    རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་གསར་འགོད་པས་ཀན་སུའུ་ཞིང་ཨུད་གྲོང་གསེབ་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་གཙོ་གནད་ཐོག་དམིགས་ནས་མ་དངུལ་གྱི་རྒྱབ་སྐྱོར་དང་། རྣམ་གྲངས་བཀོད་སྒྲིག མི་ཤུགས་བཀོད་སྒྲིག་བཅས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་སྔར་བས་ཕྱོགས་ཏེ་འགོ་ཁྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་དང་རོགས་སྐྱོར་ཐོན་ཁུངས་ལེགས་ཤོས་དེ་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་23དང་དམིགས་བསལ་དཀའ་ངལ་ཡོད་པའི་ཤང་གྲོང་40ལ་གཟིགས་སྐྱོང་བྱེད་རྒྱུ་དང་འབྲེལ་གྲོང་སྡོད་རོགས་སྐྱོར་ལས་དོན་རུ་ཁག་ལེགས་སྒྲིག་གང་ལེགས་བྱེད་རྒྱུ་ཡིན་པ་རེད།
         2016ལོའི་ལོ་མཇུག་བར་ཀན་སུའུ་ཞིང་ཆེན་ལ་ད་དུང་མི་འབོར་དབུལ་པོ་ཁྲི་227ཡོད་པ་དང་དབུལ་པོ་ཁྱབ་ཚད་སྔར་བཞིན་10.9%ཟིན་ཡོད་པ་རེད། ཉེ་ཆར་ཀན་སུའུ་ཞིང་ཆེན་གྱིས་བརྟག་ཞིབ་ཆེན་པོའི་ལས་དོན་སྤེལ་བ་བརྒྱུད་ཞིང་ཆེན་དེ་ཡོངས་ཀྱི་མི་འབོར་དབུལ་པོ་མང་ཆེ་བ་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་གཅིག་སྡུད་བྱས་ཡོད་ལ་དུས་ཚོད་ཇི་ཙམ་ཕྱི་བ་དེ་ཙམ་གྱི་དབུལ་སྒྲོལ་མ་གནས་མཐོ་བ་དང་དཀའ་གནད་དེ་བས་ཆེ་བ་ཡོད། མི་འབོར་དབུལ་པོའི་གཞི་ཁྱོན་དང་། དབུལ་པོར་གྱུར་ཚད། ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་ཀྱི་དམིགས་ཚད་ལ་ཚོད་རྩིས་བྱས་པར་གཞིགས་ན། ཞིང་ཆེན་དེ་ཡོངས་སུ་ད་དུང་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་23དང་དམིགས་བསལ་དཀའ་ངལ་ཡོད་པའི་ཤང་གྲོང་40ཡོད་པ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཤང་གྲོང་དེ་དག་མང་ཆེ་བ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། ཐན་པ་དང་མཐོ་གྲང་བཞའ་ཚན་ཆེ་བའི་ས་ཁུལ་བཅས་སུ་གནས་ཡོད་པས་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་82%ལས་ཟིན་གྱི་མེད་སྟབས་དེ་ནི་དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ཆེ་བ་ཤ་སྟག་ཡིན་པ་རེད།
         གནས་ཚུལ་དེར་དམིགས་ནས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་མི་རེས་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་ངམ་ཡང་ན་རྫོང་དབུལ་པོ་གཅིག་དང་འབྲེལ་གཏུག་བྱས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་ཤང་གཅིག་འགན་གཙང་ལེན་དང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་2ལ་རོགས་སྐྱོར་བྱེད་དགོས་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་23གྱི་དབུལ་པོའི་གནས་ཚད་གོ་རིམ་ལྡོག་ནས་བསྒྲིགས་ཏེ་གོ་རིམ་ལྟར་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེང་ཀྲང་སོགས་ཞིང་ཆེན་རིམ་པའི་འགོ་ཁྲིད་23དང་འབྲེལ་གཏུག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད། མིག་སྔར་ཀན་སུའུ་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཤང་ཚང་མར་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་འབྲེལ་གཏུག་བྱས་ནས་འགན་གཙང་ལེན་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད། དེ་དང་དུས་མཚུངས་ཀན་སུའུ་ཞིང་ཆེན་གྱིས་གྲོང་སྡོད་རོགས་སྐྱོར་ལས་དོན་རུ་ཁག་ལེགས་འདེམས་བཟང་སྒྲིག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།