འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་སི་ཁྲོན་གྱིས་མུའུ་ཁྲི་1756ཟིན་པའི་འབྲུ་རིགས་ཀྱི"ཁུལ་གཉིས"འབྱེད་པའི་
    ལས་འགན་བསྒྲུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན། གསར་འགོད་པར་ཚེས་5ཉིན་སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་སི་ཁྲོན་གྱིས་མུའུ་ཁྲི་1756ཟིན་པའི་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པའི་ཁུལ་དང་གཙོ་གནད་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྲུང་སྐྱོང་ཁུལ་འབྱེད་པའི་ལས་འགན་བསྒྲུབ་རྒྱུ་ཡིན་པ་རེད།
         སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་ཀྲུའུ་ཁྲུན་ཤིའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པའི་ཁུལ་དང་གཙོ་གནད་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་དབྱེ་བ་འབྱེད་པ་དང་འཛུགས་སྐྲུན་བྱེད་དགོས་པ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ལོ་5ཡི་དུས་ཚོད་སྤྱད་དེ་འཛུགས་སྐྲུན་ལས་འགན་གཞི་རྩའི་ཆར་ལེགས་སྒྲུབ་ཟིན་པ་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་གཙོ་གནད་ཀྱི་ཞིང་ལས་ཐོན་རྫས་རང་མཁོ་རང་སྤྲོད་ཀྱི་ཆུ་ཚད་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ“ཁུལ་གཉིས”འབྱེད་པ་དང་འཛུགས་སྐྲུན་ཚོད་ལྟའི་ས་ཚིགས་བཙུགས་ནས་ཏུའུ་ཅང་ཡན་ཞིང་ཆུ་འདྲེན་ཁུལ་དུ་“ཁུལ་གཉིས”འབྱེད་པའི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་སྤེལ་ཏེ་ཡུན་གཏན་གྱི་གཞི་རྩའི་ཞིང་ཁ་རྨང་གཞིར་བྱེད་པ་དང་ས་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་ལེགས་པ་དང་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བའི་ལེགས་ཆའི་ཐོན་ཁུལ་གཙོ་གནད་དུ་བྱས་ནས་འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ་མུའུ་ཁྲི་1060གྱི་སར“ཁུལ་གཉིས”འབྱེད་པའི་ལས་འགན་སྔོན་ལ་ལེགས་སྒྲུབ་བྱ་རྒྱུ་དང་ཆབས་ཅིག་ཞིང་ཆུ་འདྲེན་ཁུལ་མིན་པའི་རྫོང་12སུ་ཚོད་ལྟ་བྱས་ནས་ལོ་མཇུག་ཏུ་ཁྱོན་མུའུ་ཁྲི་1756གི་སར“ཁུལ་གཉིས”འབྱེད་པའི་ལས་འགན་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་ཀྱིས་སྤྲོད་པའི་ལས་འགན་ལ་གཞིགས་ན། སི་ཁྲོན་གྱིས་འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་པའི་ཁུལ་འབྱེད་པའི་ལས་འགན་མུའུ་ཁྲི་5920དང་གཙོ་གནད་ཀྱི་ཞིང་ལས་ཐོན་རྫས་ཀྱི(པད་ཁ)ཐོན་སྐྱེད་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་1000ཡི་ལས་འགན་འཁུར་དགོས་པ་དང་བསྐྱར་འདེབས་ཁུལ་གྱི་རྒྱ་ཁྱོན་འཐེན་ཚེ་མུའུ་ཁྲི་4620ཡི་ས་ཆ་དོན་འཁྱོལ་བྱས་ཏེ་ལོ་གསུམ་ནང“ཁུལ་གཉིས”འབྱེད་པའི་ལས་འགན་ལེགས་སྒྲུབ་ཟིན་པ་དང་ལོ་5ཡི་ནང་འཛུགས་སྐྲུན་ལས་འགན་རྩ་བའི་ཆར་ལེགས་སྒྲུབ་ཟིན་རྒྱུ་ཡིན་པ་རེད།“སི་ཁྲོན་ཞིང་ཆེན་གྱིས‘ཁུལ་གཉིས’ཀྱི་ལས་འགན་འབྲུ་རིགས་ཐོན་སྐྱེད་ཀྱི་གཙོ་གནད་རྫོང་90དང་སྣུམ་ཐོན་སྐྱེད་ཀྱི་རྫོང་ཆེན་456ལ་གཙོ་གནད་ཐོག་བཀོད་སྒྲིག་བྱ་རྒྱུ་ཡིན”ཞེས་ཀྲུའུ་ཁྲུན་ཤིའུ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།