འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི"འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག"
    གི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར། ལོ་3རིང་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་སློབ་གསོ་ཐིང་ལས་དོན་གྱི་བླང་བྱ་གཞིར་བཟུང“འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག”གི་བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་མཐོང་ཆེན་བྱེད་ཚད་མཐོ་བ་དང་། སྐུལ་འདེད་གཏོང་ཤུགས་ཆེ་བ། དོན་དངོས་དང་ཟུང་འབྲེལ་ཟབ་པ། ལས་དོན་གྱི་བྱེད་ཐབས་ཏན་ཏིག་སོགས་ཀྱི་ཁྱད་ཆོས་ཐོན་པ་དང་འབྲེལ་མངོན་གསལ་དོད་པའི་ཕན་འབྲས་ཀྱང་ཐོན་ཡོད་པ་རེད།
         མཐོང་ཆེན་བྱེད་ཚད་མཐོ་རུ་ཕྱིན་ཞིང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས“འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག”གི་བྱེད་སྒོ་སྤེལ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་བཞག་ནས་ཆེད་མངགས་ཞིབ་འཇུག་བཀོད་སྒྲིག་བྱེད་པ་དང་། ཞིབ་ཕྲའི་ལས་དོན་གྱི་ཇུས་གཞི་བཟོ་བ། ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་བཅས་བྱས་པ་དང་འབྲེལ་འགོ་ཁྲིད་བློ་མཐུན་མང་པོ་ཞིག་རྒྱུན་དུ་སློབ་གསོའི་འཐབ་ས་དང་པོར་བསྐྱོད་ནས་སློབ་གྲྭ་དང་། སློབ་གླིང(ཚན་ཁག) འཛིན་གྲྭ ཉལ་ཁང་། སློབ་ཕྲུག་བཅས་དང་འབྲེལ་བ་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་དགེ་སློབ་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་ནས་ལས་དོན་བདེ་བླག་ངང་སྤེལ་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
         སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ཞིང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཏང་ཡོན་དང་། ལས་བྱེད་པ། དགེ་རྒན་བཅས་རྒྱ་ཁྱབ་ངང་ཞུགས་རྒྱུ་སྒྲིག་འཛུགས་བྱས་པར་བརྟེན་འཛིན་གྲྭ་དང་ཉལ་ཁང་དུ་སྐྱོད་པ་དང་ཆ་སྒྲིག་གྲོགས་སྒྲིག་རྩ་བའི་ཆ་ནས་ཕྱོགས་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད། ཏང་ཡོན་དང་ལས་བྱེད་པས་སློབ་གྲྭ་དང་འབྲེལ་བ་བྱེད་པ་དང་སློབ་མ་དང་འབྲེལ་བ་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་བྱས་ནས་སློབ་གྲྭ་དང་། འཛིན་གྲྭ སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་བཅས་སུ་བསྐྱོད་པ་དང་དུས་གཅིག་ཏུ་མཉམ་དུ་སློབ་ཚན་ཉན་ནས་སློབ་མར་ཏང་གི་སློབ་ཚན་འཁྲིད་ཆེད་དང་དགེ་སློབ་ཀྱི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱ་ཆེད་རོགས་སྐྱོར་མ་དངུལ་དོན་འཁྱོལ་བྱས་ཡོད།
         དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས་དངོས་སྒྲུབ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག”གི་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་འདོམས་བཀོད་སྒྲིག་དང་ལུགས་མཐུན་ངང་སྐུལ་འདེད་བཏང་སྟེ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བྱེད་སྒོ་དང་ལས་དོན་གཉིས་ཀར་ལག་གཉིས་ཀྱིས་དམ་འཛིན་དང་། གཉིས་ཀ་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་པར་བརྟེན་གཞི་རིམ་ཏང་རྩ་འཛུགས་ཧྲིལ་པོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སློབ་གྲྭའི་བདེ་འཇགས་བརྟན་ལྷིང་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། བསམ་བློ་ཆབ་སྲིད་ཀྱི་ལས་ཀའི་སྤུས་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་འཕེལ་རྒྱས་ཀྱི་དུས་བབ་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
         ལས་དོན་གྱི་བྱེད་ཐབས་ཏན་ཏིག་བྱུང་ཞིང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས་བསམ་ཕྱོགས་གསར་གཏོད་མཐའ་འཁྱོངས་བྱས་ནས་དངོས་སྒྲུབ་གོ་ཆོད་དང་སྣ་མང་ཕུན་སུམ་ཚོགས་པའི་ཞིབ་ཕྲའི་གཞི་རྟེན་འཚོལ་ཞིབ་ཧུར་ཐག་བྱས་ནས་བྱེད་སྒོའི་ཡིད་དབང་འགུགས་ཤུགས་ཆེ་རུ་བཏང་ཡོད། བོད་ལྗོངས་སློབ་ཆེན་གྱིས“ཟུང་འབྲེལ་གསུམ”(སློབ་གྲྭའི་སྒྱུར་བཅོས་འཕེལ་རྒྱས་དང་། དགེ་སློབ་ཀྱི་བསམ་བློ་སྟངས་འཛིན། དགེ་རྒན་གྱི་ཀུན་སྤྱོད་སྤྱོད་ཚུལ་འཛུགས་སྐྱོང་བཅས་དང་ཟུང་འབྲེལ་བྱེད་པ)རྒྱུན་འཁྱོངས་བྱས་པར་བརྟེན“འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག”གི་བྱེད་སྒོའི་ཟིན་ཐོའི་གྲངས་གཞིའི་མཛོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆེད་དོན་བྱེད་སྒོའི་མ་དངུལ་བཀོད་སྒྲིག་ཐུབ་པ་བྱུང་བ་མ་ཟད། བྱེད་ཐབས་ཏན་ཏིག་དང་བྱེད་ཐབས་ཁ་གསལ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།