འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འདམ་ར་ཚང་མ་སྲུང་སྐྱོང་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གིས་གསར་དུ་བཏོན་པའི་《འདམ་ར་སྲུང་སྐྱོང་ཉམས་གསོའི་ལམ་ལུགས་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་》གཞིར་བཟུང་། མཚོ་སྔོན་གྱིས་འདམ་ར་ཚང་མ་སྲུང་སྐྱོང་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
         “སའི་གོ་ལའི་མཁལ་མ”ཞེས་འབོད་པའི་འདམ་ར་ནི་སའི་གོ་ལའི་ཐོག་སྐྱེ་དངོས་སྣ་མང་འདུས་སྡོད་བྱ་ཡུལ་ཡིན་པ་དང་གནམ་གཤིས་སྙོམས་སྒྲིག་དང་སྣོད་བཅུད་དོ་སྙོམས་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་814.36གིས་ཀྲུང་གོའི་འདམ་རའི་རྒྱ་ཁྱོན་བསྡོམས་འབོར་གྱི་15.19%བཟུང་བ་དང་ཀྲུང་གོའི་ཨང་དང་པོར་སླེབས་ཀྱི་ཡོད། འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིགས་སྣ་ཚོགས་ཡོད་པས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་ཤོས་ཀྱི་སྣོད་བཅུད་སྙོམས་སྒྲིག་ཁུལ་ཞིག་ཡིན།
         མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གི་འགན་འཁུར་བས་མཚོ་སྔོན་གྱིས་འདམ་ར་ཚང་མ་སྲུང་སྐྱོང་ཁྱབ་ཁོངས་སུ་བཅུག་རྗེས་འདམ་ར་བེད་སྤྱོད་དོ་དམ་གཅུན་འདོམས་དང་སྤྱི་འབོར་དོ་དམ་ཚོད་འཛིན་བྱས་པ་བརྒྱུད་འདམ་རའི་རྒྱ་ཁྱོན་དང་ནུས་པ་ཆུང་དུ་མི་འགྲོ་བའི་འགན་ལེན་གྱིས་འདམ་རའི་སྣོད་བཅུད་ནུས་པ་ཆེ་རུ་བཏང་བ་དང་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཏེ་འདམ་རའི་སྲུང་སྐྱོང་དང་ཉམས་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         འཆར་གཞི་གཞིར་བཟུང་2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་1.2ལས་ཆུང་དུ་མི་འགྲོ་བ་དང་འདམ་ར་སྲུང་སྐྱོང་བྱེད་ཚད་65%ཁུལ་གནས་དང་སྣོད་བཅུད་མ་ལག་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་གཞིར་བཟུང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་འདམ་ར་རྒྱལ་ཁབ་ཀྱི་གལ་ཆེའི་འདམ་ར(རྒྱལ་སྤྱིའི་འདམ་ར་གལ་ཆེན)དང་། ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན། སྤྱིར་བཏང་འདམ་ར་བཅས་གསུམ་དུ་ཕྱེ་ནས་འགུལ་རྣམ་དོ་དམ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།