འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་སྐྱུར་བུལ་འདུས་ཚད་ལ་གཞིགས་ནས་འབུད་ཚད་
    ཚོད་འཛིན་གྱི་ཞིང་སྨན་ཞིབ་བཟོ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེ་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར། ཁང་དེའི་ལག་རྩལ་སྐྱེ་དངོས་སུའོ་ཡི་རིགས་གཅིག་མཁས་ཅན་གྱིས་སྐྱུར་བུལ་འདུས་ཚད་རྟོགས་ནས་གྲུབ་ཆ་ནུས་ལྡན་འབུད་ཐུབ་པའི་འབུད་ཚད་ཚོད་འཛིན་གྱི་ཞིང་སྨན་རིགས་ཤིག་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་ཐུབ་ཡོད། ཚོད་རྩིས་བྱས་པར་གཞིགས་ན། དེས་ཞིང་སྨན་སྤྱོད་ནུས་་20%མཐོ་རུ་གཏོང་ཐུབ་ནས་ཞིང་སྨན་གཏོར་གྲངས་ཉུང་དུ་གཏོང་ཐུབ་པ་མ་ཟད། ད་དུང་རྡོ་ཁབ་ལེན་ར་བར་བརྟེན་ནས་ཞིང་སྨན་ལྷག་འཕྲོ་ཚུར་བསྡུ་ཐུབ་སྟེ་ཞིང་སྨན་ལས་བྱུང་བའི་སྦགས་བཙོག་ཀྱང་ཉུང་དུ་གཏོང་ཐུབ།
         མིག་སྔར་རང་རྒྱལ་གྱིས་ལོར་ཞིང་སྨན་སྤྱོད་ཚད་ཏུན་ཁྲི་བརྒྱ་ཟིན་ཡང་སྤྱོད་ནུས་40%ཡང་ཟིན་གྱི་མེད། ཞིང་སྨན་མང་ཆེ་བ་བཞུར་རྒྱུག་དང་འཛག་ཤོར་སོགས་བརྒྱུད་ནས་ཤོར་ཕྱིན་ཏེ་ཞིང་སྨན་ལྷག་འཕྲོ་ཚད་ལས་བརྒལ་གྱི་ཡོད་པ་མ་ཟད། ད་དུང་ཞིང་སྨན་ལས་བྱུང་བའི་སྦགས་བཙོག་ཚབས་ཆེན་ཐོན་ནས་མི་ཕྱུགས་ཀྱི་བདེ་ཐང་ལ་ཐད་ཀར་གནོད་འཚེ་གཏོང་གི་ཡོད། ཇི་ལྟར་བྱས་ནས་ཞིང་སྨན་སྤྱོད་ནུས་མཐོ་རུ་གཏོང་བ་དང་ཇི་ལྟར་བྱས་ནས་ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་བ་དེ་རང་རྒྱལ་དང་ཐ་ན་འཛམ་གླིང་གི་ཞིང་ལས་དང་ཁོར་ཡུག་ཁྱབ་ཁོངས་ནང་ཐག་གཅོད་བྱེད་དགོས་པའི་འགག་རྩའི་གནད་དོན་དུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།