འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་འཐུས་
    མི་ཚོགས་པ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་འཛུགས་པའི་ཚོགས་ཆེན་ཉིན་ཤས་གོང་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་རྒྱལ་དར་ཐང་ཆེན་དུ་འཚོཌ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་190ལྷག་ཙམ་གྱིས་རྣམ་གྲངས་ཆེ་བ་11གི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འགྲན་བསྡུར་57ལ་ཞུགས་པ་དང་མཐར་ལུས་རྩལ་པ་43ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་བསྡུར་གྱི་ཐོབ་ཐང་རག་པ་དང་། ཁོང་ཚོ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་དང་། སྦེ་ཀ རྐང་འཁོར། མེ་མདའ། མདའ་འཕེན། ཐའེ་ཆོན་དྲག་རྩལ། ཁུ་ཚུར་སོགས་རྣམ་གྲངས་ཆེ་བ་7དང་རྣམ་གྲངས་ཆུང་བ་29ཡི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད། ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གཟེངས་བསྟོད་རྟགས་མ་ཐོག་མ་ཐོབ་མཁན་གྱི་བོད་རིགས་ཀྱི་འགྲོ་རྩལ་འགྲན་བསྡུར་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་ཕུལ་བྱུང་གི་རྐང་འཁོར་རྩལ་འཁྲིད་པ་ཐའོ་དབྱི་ལིན་སོ་སོས་ལུས་རྩལ་པ་དང་རྩལ་འཁྲིད་པའི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ཞིང་། ཁོང་ཚོས་ལུས་རྩལ་གྱི་སྙིང་སྟོབས་དང་། “དམིགས་བསལ་ལྔ”ལྡན་པའི་མཚོ་བོད་ས་མཐོའི་སྙིང་སྟོབས། ཚོགས་པའི་རོགས་ལས་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ་འགྲན་བསྡུར་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཁ་གཏད་ལ་བརྩི་འཇོག་བྱེད་པ། ཤན་འབྱེད་ལ་བརྩི་བཀུར་ཞུ་བ་བཅས་དང་། ངར་ཤུགས་སྨན་བཟའ་རྒྱུ་འགོག་པའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་འགྲན་བསྡུར་མཐར་ཕྱིན་པ་ཞུགས་པ། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ནས་མཐུན་སྒྲིལ་རོགས་ལས་བྱེད་པ། ཉམས་འགྱུར་མངོན་པ་དང་ཆུ་ཚད་བཏོན་ཏེ་ལུས་རྩལ་གྲུབ་འབྲས་དང་ལུས་རྩལ་ཀུན་སྤྱོད་གཉིས་ཀ་མཉམ་དུ་འཕེལ་རྒྱས་ཡོང་བ་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་གོང་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པས་ཕུལ་བྱུང་གི་རྩལ་ནུས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཐོག་ནས་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1ཟངས་ཀྱི་རྟགས་མ་2བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་བླངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།