འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཧི་མ་ལ་ཡར་རྐང་ཐང་བར་བརྒལ་(ཇོ་མོ་གླང་མའི་ས་ཚིགས་)བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 17:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་ཆས་གསར་གཏོད་དོ་དམ་ལྟེ་གནས་དང་། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ཨུ་ལྷན་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་གནང་བའི"2017ལོའི་ཧི་མ་ལ་ཡར་རྐང་ཐང་བར་བརྒལ་(ཇོ་མོ་གླང་མའི་ས་ཆིགས་)བྱེད་སྒོ་སྐབས་གཉིས་པ"ཉེ་ཆར་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་སྤེལ་བ་རེད། རྐང་ཐང་སྐྱོད་པར་དགའ་མཁན་དང་། ས་གནས་(གྲོང་ཁྱེར་)ཁག་གི་ལུས་རྩལ་ལས་བྱེད་མི་སྣ། གསར་འགྱུར་སྨྱན་སྦྱོར་ལས་ཀ་བྱེད་མཁན་བཅས་ཧ་ལམ་མི་གྲངས་70ལྷག་མིང་ཐོ་བཀོད་དེ་འགྲན་བསྡུར་ལ་ཞུགས་ཤིང་། ཁོང་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོ་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5400ཡོད་སའི་བར་བརྒལ་སྒར་སའི་བར་མཐོ་སྒང་གི་ཐུན་མོང་མིན་པའི་རྐང་ཐང་བགྲོད་སྐྱོད་བྱེད་སྒོ་སྤེལ་རྒྱུ་རེད།
         ཐེངས་འདིའི་བྱེད་སྒོ་ནི་མཐོ་སྒང་གི་རི་ཁུལ་ཐོན་ཁུངས་ཀྱི་བཟང་ཆ་གཞི་རྟེན་བྱས་ནས་ཧི་མ་ལ་ཡར་རྐང་ཐང་རི་འཛེགས་བར་བརྒལ་བྱ་རྒྱུའི་ལམ་ཐིག་སྔར་ལས་ལེགས་པོ་གསར་འབྱེད་བྱས་ཏེ་སྒོ་ཕྱིའི་ལུས་རྩལ་སྣ་ཚོགས་ཀྱི་ཐོན་ཁོངས་སྣ་མང་གསར་སྤེལ་རྒྱུན་ཆད་མེད་པར་བྱས་ཐོག་སྒོ་ཕྱིའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་མི་འདྲ་བའི་དགོས་འདུན་སྣ་མང་སྐོང་ཐབས་བྱེད་པ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་བགྲོད་ལམ་དང་སྒར་ས་དང་། བཟའ་བཏུང་དང་སྡོད་ཁང་ལ་སོགས་པའི་ཞབས་ཞུའི་སྒྲིག་བཀོད་རང་བདག་གཉེར་སྐྱོང་བྱེད་པར་སྐུལ་ཁྲིད་དང་བསྔགས་སྐུལ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།