འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་གློག་བརྙན་《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པ་ཟླ་8ཚེས་4ཉིན་རྒྱལ་ཡོངས་
    སུ་པར་ཡོངས་གྲགས་ངང་བསྟན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་སྐད་གློག་བརྙན་《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པ་ཟླ་8ཚེས་4ཉིན་རྒྱལ་ཡོངས་
སུ་པར་ཡོངས་གྲགས་ངང་བསྟན་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཀྲང་དབྱང་གིས་འཁྲབ་ཁྲིད་གནང་བ་དང་ཀུའོ་ཏ་མིང་གིས་པར་ལེན་གནང་བའི་བོད་སྐད་གློག་བརྙན་《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པ་ཟླ་8ཚེས་4ཉིན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོགས་སུ་ཡོངས་གྲགས་ངང་བསྟན་རྒྱུ་ཡིན་ཞིང་། གློག་བརྙན་འདི་ནི་ཉེ་ཆར་སྙན་གྲགས་ཆེ་བར་གྱུར་པའི་བོད་སྐད་གློག་བརྙན་《གངས་རིན་པོ་ཆེ་》ཞེས་པ་ཡི་ཆ་སྦྲེལ་གློག་བརྙན་ཡིན་ཞེས་གྲགས་པ་རེད།
         《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པའི་གློག་བརྙན་འདི་ནི་2015ལོར་ཕབ་ལེན་བྱས་ཤིང་། གློག་བརྙན་དུས་ཆེན་མང་པོའི་འགྲེམས་སྟོན་ལ་ཞུགས་མྱོང་ལ། 2016ལོར་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་19པའི་ཐོག་གློག་བརྙན་བཟང་ཤོས་ཀྱི་འོས་མིང་ཐོབ་པ་མ་ཟད། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་གྱི་ཆང་ཕོར་རྐང་གསུམ་མའི་བྱ་དགའ་ཡི་ཕབ་ལེན་བཟང་ཤོས་ཀྱི་བྱ་དགའ་ཐོབ་མྱོང་བ་རེད།
         འདི་ནི་གློག་བརྙན་《གངས་རིན་པོ་ཆེ་》ཡི་བལྟོས་བཅས་ཀྱིས་དོན་དངོས་བཀོད་པའི་རང་བཞིན་གྱི་ཕབ་ལེན་བྱེད་སྟངས་དང་མི་འདྲ་བར། 《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པའི་གློག་བརྙན་ནི་བོད་རིགས་རྩོམ་པ་པོ་བཀྲ་ཤིས་ཟླ་བའི་རྩོམ་རིག་བརྩམས་ཆོས་ནས་བཅོས་སྒྲིག་བྱས་པ་དང་དུས་མཚུངས་སུ་འཁྲབ་ཁྲིད་པས་གཏམ་རྒྱུད་ལ་ལས་སྣོན་ཞིབ་ཚགས་གནང་ནས་གཙོ་འཁྲབ་པའི་མཐོང་ལམ་གྱི་ཐོག་ནས་ཚེ་སྲོག་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དང་། དེ་བཞིན་མིའི་རིགས་ཀྱིས་བསམ་པའི་བརྩོན་ལེན་རྒྱུན་འཁྱོངས་ལྷོད་མེད་བྱས་ཚུལ་ལ་ཞིབ་དཔྱད་བྱས་ཡོད་པ་རེད།
    ༄༅།།བོད་སྐད་གློག་བརྙན་《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པ་ཟླ་8ཚེས་4ཉིན་རྒྱལ་ཡོངས་
སུ་པར་ཡོངས་གྲགས་ངང་བསྟན་རྒྱུ་ཡིན་པ།
    ༄༅།།བོད་སྐད་གློག་བརྙན་《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པ་ཟླ་8ཚེས་4ཉིན་རྒྱལ་ཡོངས་
སུ་པར་ཡོངས་གྲགས་ངང་བསྟན་རྒྱུ་ཡིན་པ།
    ༄༅།།བོད་སྐད་གློག་བརྙན་《རྒྱུན་བུ་སྟེང་གི་རྣམ་ཤེས་》ཞེས་པ་ཟླ་8ཚེས་4ཉིན་རྒྱལ་ཡོངས་
སུ་པར་ཡོངས་གྲགས་ངང་བསྟན་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།