འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་9%ལྷག་ཙམ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན། ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་རང་རྒྱལ་གྱིས་བྱ་ཐབས་སྣ་མང་སྤྱད་ནས་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། ཟླ་དྲུག་པའི་ཟླ་མཇུག་བར་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་9%ཡན་འཕར་ནས་མུ་མཐུད་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
         གཙོ་གནད་ཁྱབ་ཁོངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཚན་རིག་དང་ཁེ་ལས་སྦྲེལ་མཐུད་ཀྱིས་ཞབས་ཞུར་ཤུགས་སྣོན་བརྒྱབ་པ། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་སྒྲིག་བཀོད་ཀྱི་ཁ་གསབ་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་། ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་སྒྲིག་འཛུགས་བྱས་པ། ལག་རྩལ་འདུས་གྲུབ་རྟེན་གཞི་36འཛུགས་རྒྱུའི་འཆར་འགོད་བྱས་པ་རེད། སྤུས་ཚད་སྤུས་རྟགས་མཐོར་གཏོང་དང་ཟས་གཙོ་བོ་ལས་སྣོན་ལས་རིགས་ཀྱི་ཆུ་ཚད་མཐོར་གཏོང་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཐབ་ཚང་ཨ་མའི་བྱ་ཐབས་100འོས་སྦྱོར་བྱས་ཏེ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་སྣོན་དཔེ་མཚོན་བྱ་ཐབས་18ལ་ཕྱོགས་སྡོམ་བྱས་ཡོད། བཟའ་བཅའ་དང་སྨན་རྫས་ཁུངས་གཅིག་གི་ཐོན་ལས་ཚན་རྩལ་གསར་གཏོད་གནའ་འབྲེལ་བཙུགས་པ་དང་། ལས་སྣོན་སྤུས་རྟགས་གསར་གཏོད་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ནས་ཚན་རིགས་དང་ཁེ་ལས་སྦྲེལ་མཐུད་དང་། བསྡོམས་རྩིས་ལྟ་ཞིབ་ཚད་ལེན། ཤེས་ལྡན་མི་སྣ་གསོ་སྦྱོང་། ས་ཁོངས་སྤེལ་རེས་མཉམ་ལས་སོགས་ཀྱི་ཞབས་ཞུ་སྤེལ་བ་རེད།
         སྲིད་ཇུས་མ་དངུལ་གྱིས་གསར་གཏོད་ལ་རྒྱབ་སྐྱོར་བྱས་ནས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ། ཚན་རྩལ་གསར་གཏོད་ཐད་རྒྱབ་སྐྱོར་བྱེད་ཆེད་ཀྲེ་ཅང་ཞིང་ཆེན་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་3200བཀོད་སྒྲིག་བྱས་ནས་ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཅོས་དང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུར་ཆེད་མངགས་སྤྱད་ཡོད། ཐོན་ལས་སྦྲེལ་མཐུད་དབྱེ་ནས་ཞིང་ཆེན་དེ་ཡོངས་ཀྱི་ཚན་ཞིབ་སློབ་གླིང་གི་རིགས་གཅིག་མཁས་ཅན་གྱིས་ཚན་རྩལ་གསར་གཏོད་ཚོགས་པ་དང་གནའ་འབྲེལ་20ཙམ་བཙུགས་ཏེ་ཐོན་ལས་ཚན་རྩལ་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད། གླིང་ཁུལ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་ཧོ་པེ་དང་། ལེའོ་ཉིང་། ཅང་སུའུ། ཧུའུ་པེ་སོགས་ཞིང་ཆེན་གྱིས་ལས་སྣོན་གླིང་ཁུལ་གཞི་རྟེན་དུ་བྱས་པའི་མཉམ་འདྲེས་འཕེལ་རྒྱས་ཁུལ་བཏོད་ནས་ལས་སྣོན་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་རིམ་སྤོར་བྱས་ཡོད། ཧྲའན་ཤིས་ཞིང་ཆེན་གྱིས་ལས་སྣོན་གླིང་ཁུལ་ཁག་ལ་སྒོར་ཁྲི་200ནས་500བར་སྤྲད་ནས་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱས་པ་རེད། ཧུའུ་པེ་ཞིང་ཆེན་གྱིས་སྒོར་དུང་ཕྱུར་55བཀོད་སྒྲིག་བྱས་ནས་གླིང་ཁུལ་ཆེན་པོ་དང་། ཁེ་ལས་ཆེན་པོ། རྫོང་དང་གྲོང་ཁྱེར་ཆེན་པོ། སྤུས་རྟགས་ཆེན་པོ་བཅས་སྐྱེད་སྲིང་བྱས་པ་རེད། ཐོན་ལས་འཁོར་འབྲེལ་ཡོངས་ལ་སྐུལ་འདེད་གཏོང་བའི་ཐད་ཧོ་པེ་ཞིང་ཆེན་གྱིས“གནམ་འོག་གི་འབྲུ་མཛོད”ནས“རྒྱལ་ཡོངས་ཀྱི་ཐབ་ཚང”དང“མི་སེར་གྱི་གསོལ་ལྕོག”ཕྱོགས་སུ་འགྱུར་བ་བྱས་ཏེ་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤུས་ལེགས་མ་བཅོས་རྒྱུ་ཆའི་རྟེན་གཞི་བཏོད་པ་དང་། ཚན་རྩལ་གསར་གཏོད་ལ་མཐོང་ཆེན་གྱིས་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་རིམ་སྤོར་ལ་སྐུལ་འདེད་བཏང་བ། གསོལ་ལྕོག་དཔལ་འབྱོར་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མཛད་སྤྱོད་དགོས་མཁོ་བསྐངས་ཡོད། ཐོག་མའི་ལས་སྣོན་གྱི་སྒྲིག་བཀོད་ལ་ཁ་གསབ་རོགས་སྐྱོར་བྱེད་པའི་ཐད་ཀན་སུའུ་སོགས་ཞིང་ཆེན་དང་(ལྗོངས་)20ཡིས་ཐོག་མའི་ལས་སྣོན་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་བྱས་པས་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱས་རྗེས་གྱོང་གུན་ཕོག་ཚད་དེ་སྔའི་15%-20%ནས་5%མན་ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།