འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་ས་བབ་མཐོ་བའི་འཁྱགས་སའི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་དེར་
    རླངས་འཁོར་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན་ལོ་7ཙམ་བསྐྲུན་པ་བརྒྱུད་འཛམ་གླིང་གི་ས་བབ་མཐོ་བའི་ལོ་མང་མཐོ་གྲང་གི་འཁྱགས་སའི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་སྟེ་མཚོ་སྔོན་ཞིང་ཆེན་གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། གཞུང་ལམ་དེ་རྒྱལ་ཁབ་ཀྱི་མྱུར་བགྲོདG0613ཟི་ལིང་ནས་ས་དམ་བར་གྱི་གཞུང་ལམ་མཚོ་སྔོན་མངའ་ཁོངས་ཀྱི་ལམ་དུམ་གལ་ཆེན་ཞིག་ཡིན་པས་སླད་ཕྱིན་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲའི་ལམ་དུམ་གལ་ཆེན་དུ་འགྱུར་རྒྱུ་རེད། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཟི་ལིང་ནས་ཡུལ་ཤུལ་བར་ཆུ་ཚོད་8ལས་འགོར་གྱི་མེད།
      

    ཕྱོགས་བསྡུས་གསར་འགྱུར།