འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཐོན་པ་དང་སྦྲགས་ནས་གློག་རྡུལ་གྱོད་
    དོན་ཡིག་ཁུག་བཟོ་ཚད་99%ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཁྲིམས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་སྤེལ་རེས་བརྙན་ལམ་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། བརྙན་ལམ་ཚོགས་འདུ་དང་། རྒྱང་ཁྲིད་བཙོན་བཏོན་ཞུ་ལེན། རྒྱང་ཁྲིད་འདྲི་རྩད་དང་ལེན། རིམ་གཉིས་ཁྲིམས་ཁང་ལ་ཁྱབ་པའི་ཆེས་གསལ་ཚན་རིག་ཁྲིམས་ཁང་མ་ལག བཀོད་འདོམས་བཀོད་གཏོང་མ་ལག གཏུག་བཤེར་ཞབས་ཞུའི་ལྟེ་གནས། དྲ་ཐོག་གྱོད་དོན་ཐོ་འགོད། སྐད་འཕྲིན་གཏོང་སྤེལ་སོགས་མ་ལག་བཙུགས་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།
            གྱོད་གཞི་ཐོན་པ་དང་སྦྲགས་ནས་གློག་རྡུལ་གྱོད་དོན་ཡིག་ཁུག་བཟོ་བའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་སྦྲགས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱེད་པ་ནས་བཟུང་གྱོད་གཞི་བདག་སྤྲོད་བྱས་པའི་ཉིན་གསུམ་ནང་ཚུན་དུ་ཡིག་ཁུག་ནང་འཇུག་པ་མ་ཟད་གྱོད་གཞི་རིགས་དབྱེ་གི་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཐོན་པ་དང་སྦྲགས་ནས་གློག་རྡུལ་གྱོད་དོན་ཡིག་ཁུག་བཟོ་ཚད་99%ཡན་ཟིན་པ་དང་། ཡིག་ཚགས་ཀྱི་ཁོངས་སུ་བཅུག་པའི་གློག་རྡུལ་ཡིག་ཁུག་ཀྱང་དྲ་ཐོག་ནས་ལྟ་ཀློག་ཐུབ་ནས་ཁྲིམས་དཔོན་དང་། ཁྲིམས་རྩོད་པ། དོ་བདག་བཅས་ལ་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་ཡོད། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྡེ་ཚན་ཁག་གིས་བོད་རྒྱ་ཡིག་སྒྱུར་བཀོལ་སྤྱོད་མ་ལག་ཁྱབ་གདལ་ཤུགས་ཆེན་བཏང་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་བཅའ་ཁྲིམས་ཡིག་སྒྱུར་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་རིམ་གཉིས་ཁྲིམས་ཁང་གི་ལག་བསྟར་གྱོད་སྒྲུབ་མ་ལག་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལག་བསྟར་མྱུལ་ཞིབ་ཚོད་འཛིན་དང་། ཧབ་འཚོང་མངགས་བཅོལ་སོགས་ཀྱི་མ་ལག་དང་འབྲེལ་མཐུད་བྱས་ཟིན་པས། ཉེས་པ་གསོག་མཁན་གྱི་རྒྱུ་ནོར་དུས་ཐོག་ཏུ་འདྲི་རྩད་ནུས་ལྡན་བྱེད་ཆོག་པ་མ་ཟད་དྲ་ཐོག་ཏུ་ཧབ་འཚོང་ཡང་བྱེད་ཆོག་གི་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་མ་ལག་་བཟོས་ཟིན་ཞིང་། དེ་ནི་ཨར་སྐྲུན་ཆ་འཕྲིན་འདྲི་རྩད་མ་ལག་ཅིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཨར་སྐྲུན་ཁེ་ལས་ཀྱི་འོས་ཐོབ་དང་། འོས་དཔོད་གནས་ཚུལ། བློས་འགེལ་ཆོག་མིན། བཟོ་སྐྲུན་ཆེ་མོ་བའི་གནས་ཚུལ་དང་མཚན་སྙན་གྲགས། དེ་བཞིན་ལས་གཉེར་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་ཆོག་གི་ཡོད། ལྗོངས་ཡོངས་སུ་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་མ་ལག་ཤར་གཏོང་ཐོག་མ་བྱས་པའི་ཁྲིམས་ཁང་དེས་མ་ལག་དེ་སྤྱད་ནས་གྱོད་གཞི་50ལྷག་ཙམ་གྱོད་མཇུག་སྒྲིལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།