འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།“མ་འོངས་པའི་ལུས་རྩལ་པ་གྲགས་ཅན”ཞེས་པའི་བྱེད་སྒོ་སྤེལ་སྒོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།“མ་འོངས་པའི་ལུས་རྩལ་པ་གྲགས་ཅན”ཞེས་པའི་བྱེད་སྒོ་སྤེལ་སྒོ་ཚུགས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་ནས་ཟླ་8ཚེས་1ཉིན་བར་2017ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི“མ་འོངས་པའི་ལུས་རྩལ་པ་གྲགས་ཅན”ཞེས་པའི་ཉི་འོད་ལུས་རྩལ་འདུ་ཚོགས་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གཉེར་བ་རེད། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་6ནས་ཡོང་བའི་ལུས་རྩལ་པ་དང་། རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ཁྱོན་མི་156འགྲན་བསྡུར་ལ་ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་བ་བརྒྱུད་མི་ལྔའི་རྐང་རྩེད་སྤོ་ལོ་དང་། མི་གསུམ་དང་གསུམ་གྱི་ལན་ཆིའུ་སྤོ་ལོ་སོགས་ལེགས་ཐོན་རུ་ཁག་7ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་ཟླ་8ཚེས་7ནས་13ཉིན་བར་གྱི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་དུ་གཉེར་རྒྱུའི་2017ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི“མ་འོངས་པའི་ལུས་རྩལ་པ་གྲགས་ཅན”ཞེས་པའི་ཉི་འོད་ལུས་རྩལ་འདུ་ཚོགས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།