འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་གུ་ཅི་ལཱ་ཐི་མངའ་སྡེ་རུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་
    218དུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན། རྒྱ་གར་གྱི་གནོད་འཚེ་སྔོན་འགོག་དོ་དམ་སྡེ་ཁག་གི་དཔོན་པོ་ཞིག་གིས་རྒྱ་གར་གྱི་མངའ་སྡེ་གུ་ཅི་ལཱ་ཐི་རུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་གྲོངས་པའི་མི་གྲངས་218ལ་འཕར་ཡོད་པ་དང་། པའོ་ནཱ་སི་ཀན་ཐཱ་རྫོང་ཁོ་ནར་མི་61རྐྱེན་ལམ་དུ་ཤོར་འདུག་ཅེས་བརྗོད་པ་རེད།
           དཔོན་པོ་འདིས་ཉེ་བའི་ཉིན་གཉིས་ཀྱི་རིང་ལ། གུ་ཅི་ལཱ་ཐི་མངའ་སྡེའི་བྱང་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་ཧ་ཅང་ཚབས་བྱུང་བའི་པའོ་ནཱ་སི་ཀན་ཐཱ་རྫོང་དང་ཕ་ཐཱན་རྫོང་དུ། ཆུ་ལོག་གྲིབ་པར་གྱུར་ཤུལ་ལས་མི་རྣམས་ཀྱིས་གྲོངས་མཁན་གྱི་བེམ་རོ་མང་པོ་ཞིག་རྙེད་འདུག་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།