འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་
    800ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2017ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱིས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་100ལས་བརྒལ་ཞིང་། ཟླ་6ཚེས་30ཉིན་བར་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་874.35ཟིན་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་གློག་ཁུངས་ཀྱི་35.42%བཟུང་ཡོད།
           མཚོ་སྔོན་ནི་རང་རྒྱལ་གྱི་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཉི་མའི་འོད་ཟེར་ཆེ་ལ་ཉི་འོད་ཕོག་ཡུན་རིང་བ་དང་ཆབས་ཅིག མཚོ་སྔོན་ལ་འོད་ཤུགས་དང་རླུང་ནུས་གློག་ཁང་བསྐྲུན་པའི་བྱེ་ཐང་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་10ཡོད་པ་དེ་ནི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་སའི་གནས་ཁྱད་འཕགས་ཅན་ཞིག་རེད། མཚོ་སྔོན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ནུས་རྒྱུ་འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་འོད་ཤུགས་དང་ཚ་ནུས་ཀྱིས་གཙོ་བོ་བྱས་པའི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ནུས་རྒྱུའི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་མཚོ་ལྷོ་བོད་རིགས་ཀྲོའུ་རུ་འོད་ཤུགས་དང་ཆུ་གློག་དང་འོད་གློག་ཕན་གསབ་ཀྱིས་གཙོ་བོ་བྱས་པའི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ནུས་རྒྱུའི་རྟེན་གཞི་བསྐྲུན་ཡོད།
           མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་དྲ་སྦྲེལ་ཐད་གཞི་ཁྱོན་ཅན་དང་གཅིག་སྡུད་རྣམ་པའི་འབྲེལ་མཐུད་གཙོ་བོར་དམིགས་ཏེ་དེ་བས་ལེགས་པའི་སྒོ་ནས་ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་དྲ་སྦྲེལ་བྱས་ནས་གློག་གཏོང་དང་བཀོད་སྒྲིག་སོགས་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་ཆེད་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་དྭངས་གཙང་གློག་ཁུངས་ཀྱི་ནུས་མང་ཕན་གསབ་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་འདི་ལོ་ཕྱོགས་ཡོངས་ནས་དྭངས་གཙང་ནུས་རྒྱུའི་ནུས་མང་ཕན་གསབ་དང་འདུས་གྲུབ་བཟང་སྒྲིག་ཞིབ་འཇུག་དང་མཐོ་གྲང་དང་ས་བབ་མཐོ་བའི་མཐོ་གནོན་འཛུགས་སྐྲུན་འཁོར་སྐྱོད་སོགས་རྣམ་གྲངས་བརྒྱད་ལ་ཆེད་མངགས་ཞིབ་འཇུག་བྱས་ཏེ་ནུས་རྒྱུ་གསར་པའི་ཐོན་ལས་སྐྱོན་བྲལ་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།