འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ཐོབ་པའི་གཞི་ཁྱོན་དང་ཚད་གཞི་ལོ་རྒྱུས་ཀྱི་མཐོ་
    ཤོས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            ནང་སོག་རང་སྐྱོང་ལྗོངས་ཐུང་ལེའོ་སོག་རིགས་བུ་བཅོལ་ཁང་དུ་འཛུལ་སྐབས་ཚོན་མདོག་རྣམ་པར་བཀྲ་བའི་བྱིས་སྒྲུང་གི་འཛམ་གླིང་དུ་སླེབས་པའི་ཚོར་སྣང་ཞིག་སྦྱིན་གྱི་འདུག ལུས་རྩལ་ཐང་དུ་སོག་གུར་དཀར་པོ་མང་པོ་ཞིག་ཕུབ་པ་དང་ཕྲུ་གུ་ཚོས་དགེ་རྒན་གྱིས་པི་ཝང་རྟ་མགོ་མའི་འགྱུར་ཁུག་དང་བསྟུན་ནས་ཞབས་བྲོ་འཁྲབ། གོམ་པ་ཁ་ཤས་སྤོས་རྗེས་སློབ་ཁང་ནང་ནས་ཕྲུ་གུ་ཚོས་སོག་སྐད་ནས་བཏང་བའི་གླུ་སྒྲ་གྲགས་པ་དང་ཧ་ཅང་སྙན་འཇེབས་ལྡན་པ་ཞིག་འདུག
             “ཁོང་ཚོས་བཏང་བའི་གཞས་ནི་《རྨི་ལམ་ནང་གི་ཨ་མ་》ཞེས་པ་དེ་རེད། ཐུང་ལེའོ་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་སོག་རིགས་མི་འབོར་ཆེས་གཅིག་སྡུད་ཀྱི་ས་ཁུལ་ཞིག་རེད། ང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་མང་ཆེ་བ་སོག་རིགས་རེད”ཕྲུ་གུ་ཚོས་རང་མི་རིགས་ཀྱི་སྐད་དང་རིག་གནས་རྒྱུན་འཛིན་བྱེད་པ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་ཆེད་ཁོང་ཚོར་ཆུང་དུས་ནས་སོག་རིགས་་དང་རྒྱ་རིགས་ཀྱི་སྐད་དང་རིག་གནས་སྦྱངས་བས་ད་ཆ་ཕྲུ་གུ་མང་ཆེ་བས་སོག་སྐད་དང་རྒྱ་སྐད་ཆུ་རྒྱུག་རྒྱུག་ཤོད་ཤེས་ཀྱི་ཡོད་ཅེས་ཡོན་ཀྲང་ཝུའུ་ཞའོ་ཧུང་གིས་གསར་འགོད་པར་བཤད།
             “དེ་སྔ་བུ་བཅོལ་ཁང་དུ་སོག་ཡིག་བསླབ་གཞི་ཧ་ཅང་དཀོན་པ་དང་ཚད་ལྡན་མེད་ལ་སྤུས་ཚད་ཀྱང་མཐོ་པོ་མེད། མང་ཆེ་བ་ནི་བུ་བཅོལ་ཁང་གི་དགེ་རྒན་སོ་སོས་རྩོམ་འབྲི་བྱེད་ཀྱི་ཡོད། ད་ཆ་སོག་ཡིག་བསླབ་གཞི་སྔར་བས་ཚད་ལྡན་དུ་ཕྱིན་པ་མ་ཟད་ཕུན་སུམ་ཇེ་ཚོགས་སུའང་སོང་ཡོད”ཅེས་ཝུའུ་ཞའོ་ཧུང་གིས་བཤད།
             ཨའོ་རི་ཆི་ལེང་འདི་ལོ་ལོ་17ལ་སླེབས་པ་དང་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད། ཁོང་གི་བསམ་བློར་མི་རིགས་སློབ་གསོར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཁོང་ཆུང་དུས་ནས་མི་རིགས་སློབ་གྲྭར་བསྐྱོད་པ་དང་ལོ་རིམ་དང་པོ་ནས་སོག་སྐད་སྦྱངས་པ་་དང་ལོ་རིམ་གཉིས་པར་རྒྱ་སྐད་སྦྱོང་འགོ་ཚུགས་ཡོད། སོག་རིགས་ཀྱི་སྐད་དང་། རིག་གནས། ལོ་རྒྱུས། གོམས་སྲོལ་བཅས་ཁོང་དུ་ཟབ་མོ་ཆུད་པ་མ་ཟད། རྒྱ་སྐད་ཀྱང་བྱང་ཆུབ་པ་ཤེས་ཀྱི་ཡོད།
            “ཁྱིམ་ཚང་ཆ་རྐྱེན་དབུལ་བས་ང་མི་རིགས་སློབ་གྲྭར་སྐྱོད་སྐབས་སློབ་ཡོན་སྤྲོད་དགོས་ཀྱི་མེད་པ་མ་ཟད། ལོ་ལྟར་ད་དུང་མི་རིགས་ཀྱི་སློབ་སྐྱོར་རོགས་དངུལ་སྒོར་1000ལེན་རྒྱུ་ཡོད”སོག་སྐད་དང་རྒྱ་སྐད་གཉིས་བྱང་ཆུབ་པ་ཤེས་ན་སླད་ཕྱིན་སློབ་ཆེན་ཐོན་རྗེས་ལས་ཀ་འཚོལ་སྐབས་གཞན་དང་བསྡུར་ན་ལེགས་ཆ་ལྡན་ཡོད་ཅེས་ཨའོ་རི་ཆི་ལེང་གིས་རྒྱ་སྐད་ནས་གསར་འགོད་པར་བཤད།
             ནང་སོག་མི་རིགས་སློབ་ཆེན་དུ་བཅར་འདྲི་བྱེད་སྐབས་སློབ་གྲྭ་འགྲིམ་བཞིན་པའི་སོག་རིགས་སློབ་ཆེན་སློབ་མ་ལས་གྲུབ་པའི“ཧུའུ་མའེ”མི་རིགས་རོལ་དབྱངས་རུ་ཁག་གིས་རོལ་དབྱངས་ཚོམས་ཆེན་དུ་སོག་རིགས་གླུ་གཞས་《དཔྱིད་ཁ་ཤར་སོང་》ཞེས་པ་གཏོང་བཞིན་འདུག པི་ཝང་རྟ་མགོ་མ་དང་ལག་རྔ་སོགས་མི་རིགས་ཀྱི་རོལ་ཆ་སྣ་ཚོགས་ལས་མི་མང་པོ་ཞིག་གོམ་པ་སྤོ་མཚམས་བཞག་སྟེ་ཉན་ནས་སྡོད་པའི་ཡིད་དབང་བཀུག
            གླུ་དབྱངས་ཀྱི་སྒྲའི་ཁྲོད་དུ་ནང་སོག་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་རེན་ཅུན་གྱིས་སློབ་གྲྭས་སོག་སྐད་དང་རྒྱ་སྐད་ཀྱི་སློབ་གསོར་མཐོང་ཆེན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། གཞི་རིམ་དུ་ལས་ཀ་བྱེད་པ་དང་། རིག་གནས་ཚན་རྩལ་བརྒྱུད་སྤེལ། ཕྱི་ཕྱོགས་དང་སྤེལ་རེས་སོགས་ལ་ཁོང་ཚོར་ལེགས་ཆ་ཆེན་པོ་ལྡན་ཡོད། སློབ་གྲྭར་ད་ཆ་སོག་སྐད་ནས་སློབ་ཁྲིད་བྱེད་པའི་ཆེད་ཚན་26ཡོད་པ་དེས་ཆེད་ཚན་བསྡོམས་གྲངས་ཀྱི་36.1%བཟུང་ཡོད། དེའི་ནང་སོག་སྐད་དང་རྒྱ་སྐད་ནས་སློབ་ཁྲིད་བྱེད་པའི་ཆེད་ཚན་23ཡོད་པ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡའི་རྩོམ་རིག་དང་། སོག་ལུགས་གསོ་རིག སོག་སྨན་རིག་པ་སོགས་ཁྱད་ལྡན་ལེགས་ཆའི་ཆེད་ཚན་བཏོད་ཡོད་ཅེས་ངོ་སྤྲོད་བྱས།
            བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་བར་དང་མཐོ་རིམ་སློབ་གསོའི་བར་འཕེལ་རྒྱས་ལོ་70སོང་བ་བརྒྱུད། ནང་སོག་མི་རིགས་སློབ་གསོར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ད་ཆ་སོག་རིགས་གཅིག་སྡུད་ཁུལ་དུ་སློབ་ཞུགས་གོང་གི་སོག་སྐད་དང་རྒྱ་སྐད་ཀྱི་སློབ་གསོ་གཞི་རྩའི་ཆར་ཁྱབ་གདལ་བཏང་བ་དང་དམིགས་སུ་བཙུགས་པའི་མི་རིགས་སློབ་གྲྭ་འབྲིང་ཆུང་གིས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་17.51%བཟུང་ཡོད། ལྗོངས་ཡོངས་ཀྱི་མཐོ་སློབ་དཀྱུས་མ་24ཡིས་སོག་སྐད་དང་རྒྱ་སྐད་ནས་སློབ་ཁྲིད་བྱེད་པའི་ཆེད་ཚན་དང་མི་རིགས་གྲ་སྒྲིག་འཛིན་གྲྭ་104བཀོད་སྒྲིག་བྱས་པ་དེས་ལྗོངས་ཡོངས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མའི་བསྡོམས་འབོར་གྱི་9.65%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།