འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་ཕྱོགས་ཡོངས་ནས་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་
    སྲོལ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཧོ་པེ་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གིས་《ཧོ་པེ་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ་》བཀྲམ་སྟེ་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་གལ་ཆེན་ཡོངས་བསྒྲགས་མ་བྱས་པ་དང་། སྲིད་ཇུས་གལ་ཆེན་དབྱེ་ཞིབ་མ་བྱས་པ། གླེང་མང་བའི་གནད་དོན་ལ་དུས་ཐོག་ཏུ་ལན་མ་སྤྲད་པ། ཆ་འཕྲིན་ཡོངས་བསྒྲགས་གནད་དུ་མ་འཁེལ་བ། སྲིད་གཞུང་གི་དྲ་ཚུགས་ནང་དོན་དུས་ཐོག་ཏུ་གསར་པ་མ་བརྗེས་པ་སོགས་ལ་སྐྱོན་བརྗོད་ནན་པོ་བྱ་རྒྱུ་དང་ཡོངས་བསྒྲགས་ངང་བརྡ་ཁྱབ་གཏོང་དགོས་པ་དང་། མི་བདེན་རྫུན་སྒྲིག་དང་། དོན་དངོས་སྦས་གསང་། སྤྱི་དམངས་ལ་མགོ་སྐོར་གཏོང་བ་སོགས་བྱས་ནས་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་བཟོ་རིགས་ལ་འབྲེལ་ཡོད་ཚན་པ་དང་མི་སྣའི་འགན་འཁྲི་སྒྲིག་ཁྲིམས་དང་ཁྲིམས་ལྟར་བདའ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
              ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་སྲོལ་དེར་ལན་སྤྲོད་འགན་འཁྲི་ཁ་གསལ་བཏོན་ཅིང་། ལག་བསྟར་ཞིབ་སྲོལ་ལ་ཁོངས་གཏོགས་ས་ཆའི་དོ་དམ་དང་། རིམ་དབྱེའི་འགན་འཁུར། གཙོ་གཉེར་སུས་བྱས་ཚེ་དེས་འགན་འཁུར་བ་བཅས་ཀྱི་རྩ་དོན་གཞིར་བཟུང་སྲིད་དོན་ཐད་ཀྱི་མང་ཚོགས་ཀྱི་གླེང་ཕྱོགས་གནས་ཚུལ་ལ་ལན་སྤྲོད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ལས་འབྲེལ་འགན་འཁྲིའི་སྡེ་ཚན་ནི་མང་ཚོགས་ཀྱི་གླེང་ཕྱོགས་གནས་ཚུལ་ལ་ལན་སྤྲོད་པའི་འགན་འཁྲིའི་བྱེད་པོ་དང་པོ་དེ་ཡིན་པ་དང་རིམ་པ་དེ་གའི་སྲིད་གཞུང་གཞུང་ལས་ཐིང་(ཁང)གིས་དྲིལ་བསྒྲགས་སྡེ་ཚན་དང་མཉམ་དུ་སྒྲིག་འཛུགས་མཐུན་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ལས་འབྲེལ་འགན་འཁྲིའི་སྡེ་ཚན་གྱིས་ཐད་ཀའི་དོ་དམ་བྱེད་སྟངས་ལག་ལེན་བསྟར་བ་དང་གོང་རིམ་སྲིད་གཞུང་གཙོ་གཉེར་སྡེ་ཚན་གཞུང་ལས་ཐིང་(ཁང)གིས་དྲིལ་བསྒྲགས་སྡེ་ཚན་དང་མཉམ་དུ་སྒྲིག་འཛུགས་མཐུན་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ས་གནས་མང་པོ་དང་འབྲེལ་བའི་སྲིད་དོན་ཐད་ཀྱི་མང་ཚོགས་ཀྱི་གླེང་ཕྱོགས་གནས་ཚུལ་ཐད་གོང་རིམ་སྲིད་གཞུང་གཙོ་གཉེར་སྡེ་ཚན་ནི་འགན་འཁྲིའི་བྱེད་པོ་དང་པོ་དེ་རེད། འབྲེལ་ཡོད་ས་གནས་ཀྱིས་ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་གཞིར་བཟུང་ལན་སྤྲོད་དགོས། དམིགས་བསལ་དང་གལ་ཆེ་བའི་སྲིད་དོན་ཐད་ཀྱི་མང་ཚོགས་ཀྱི་གླེང་ཕྱོགས་གནས་ཚུལ་ལ་རིམ་པ་དེ་གའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་མང་ཚོགས་ཀྱི་གླེང་ཕྱོགས་གནས་ཚུལ་ལ་ལན་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་། མཐུན་སྦྱོར། སྐུལ་འདེད་བཅས་གཏོང་དགོས་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།