འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་200ལྷག་གིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་
    དངོས་རྫས་གཅིག་གྱུར་དུ་སྲེག་བརླག་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་200ལྷག་གིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་
དངོས་རྫས་གཅིག་གྱུར་དུ་སྲེག་བརླག་བཏང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན་གྱི་ཆུ་ཚོད་10:00ཡས་མས་སུ། སྤྱི་བདེ་པུའུ་ཡིས་གཅིག་གྱུར་སྒྲིག་འཛུགས་འོག རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་202ཀྱིས་དུས་གཅིག་ཏུ་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་རྫས་གཅིག་གྱུར་དུ་སྲེག་བརླག་གཏོང་བའི་བྱེད་སྒོ་སྤེལ་ཏེ་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བསྡུ་ལེན་དང་མང་ཚོགས་ཀྱིས་རང་འགུལ་ངང་ཡར་སྤྲད་པའི་ལྐོག་བཟོས་མེ་མདའ་དང་། དབུགས་མདའ། རྔོན་མདའ་སོགས་ཁྲིམས་འགལ་མེ་མདའ་སྣ་ཚོགས་ཁྲི་14དང་། དེ་བཞིན་འབར་རྫས་དང་མེ་འདྲེན་སྦུ་གུ་སོགས་འབར་གས་དངོས་རྫས་འབོར་ཆེན་ཞིག་གཅིག་བསྡུས་ཀྱིས་སྲེག་བརླག་བཏང་ནས་བདེ་སྐྱོང་ཐད་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་ནུས་ལྡན་བྱས་པ་རེད།
          སྤྱི་བདེ་པུའུ་ཡིས་སྔ་ཕྱི་བར་གསུམ་དུ་མེ་མདའ་དང་འབར་གས་དང་འབྲེལ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། 2012ལོ་ནས་བཟུང་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་མེ་མདའ་དང་འབར་རྫས་རྩིས་ལེན་བཅོས་སྐྱོང་ཆེད་དམིགས་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་མེ་མདའ་དང་འབར་གས་དང་འབྲེལ་བའི་མངོན་མེད་ཉེན་ཁ་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མེ་མདའ་དང་འབར་གས་དངོས་རྫས་འབོར་ཆེན་ཞིག་རྩིས་ལེན་བྱས་པས། མེ་མདའ་དང་འབར་གས་དང་འབྲེལ་བའི་ཉེས་གསོག་གྱོད་དོན་རྒྱུན་མཐུད་ངང་ཉུང་དུ་ཕྱིན་ཡོད་ཅིང་། ལོ་ལྔའི་རིང་ལ་ལོ་རེར་ཆ་སྙོམས་སུ་25.5%དང་17.2%ཉུང་དུ་སོང་བ་རེད། ད་ལོའི་ཟླ་བ་5པ་ནས་བཟུང་། སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དེ་མེ་མདའ་དང་འབར་གས་རྩིས་ལེན་བཅོས་སྐྱོང་ཆེད་དམིགས་བྱ་སྤྱོད་ཟབ་སྤེལ་ལས་དོན་བཀོད་སྒྲིག་བྱས་ནས་གཅིག་བསྡུས་ཀྱིས་གཙང་བཤེར་རྩིས་ལེན་དང་། དྲ་ཐོག་མེ་མདའ་ལྐོག་འཚོང་ལ་རྡུང་རྡེག  མཐའ་མཚམས་སུ་བཀག་སྡོམ་ཞིབ་བཤེར་ཚོད་འཛིན། འདྲེན་འཚོང་བྱེད་ལམ་དུ་ཞིབ་བཤེར་བཀག་སྡོམ། དྲ་ཐོག་གཙང་བཤེར་བཅོས་སྐྱོང་བཅས་དང་དེ་བཞིན་གཙོ་གནད་ས་ཁུལ་གྱི་མེ་མདའ་དང་འབར་གས་དང་འབྲེལ་བའི་མངོན་མེད་ཉེན་ཁ་བཅོས་སྐྱོང་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་བས། ཆེད་དམིགས་བྱ་སྤྱོད་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ་རེད།
            སྤྱི་བདེ་པུའུ་ཡི་མེ་མདའ་དང་འབར་གས་རྩིས་ལེན་བཅོས་སྐྱོང་ཆེད་དམིགས་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་ཁུར་པས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འབར་གས་རྩིས་ལེན་བཅོས་སྐྱོང་བྱེད་སེམས་ལྷོད་དུ་སྤུ་ཙམ་ཡང་གཏོང་མི་རུང་བར། རྡུང་རྡེག་དང་། སྔོན་འགོག དོ་དམ། ཚོད་འཛིན་བཅས་པའི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཤུགས་ཆེན་བྱས་ཏེ་སྟོབས་ཤུགས་གང་ཡོད་ཀྱིས་མེ་མདའ་དང་འབར་གས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་སྤྱོད་ངན་ལ་རྡུང་རྡེག་དང་བཀག་འགོག་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་200ལྷག་གིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་
དངོས་རྫས་གཅིག་གྱུར་དུ་སྲེག་བརླག་བཏང་བ།
    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་200ལྷག་གིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་
དངོས་རྫས་གཅིག་གྱུར་དུ་སྲེག་བརླག་བཏང་བ།
    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་200ལྷག་གིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་
དངོས་རྫས་གཅིག་གྱུར་དུ་སྲེག་བརླག་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།