འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་བྱེད་ཚད་འཕར་མགྱོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། ཚོང་དོན་པུའུ་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་སིའི་འགན་འཁུར་བས་འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་བྱེད་ཚད་འཕར་མགྱོགས་པས་སིལ་ཚོང་གི་དཔེ་མཚོན་ཁེ་ལས་2300ཡི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.1%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.3གྱིས་མགྱོཌ་པ་ཡོད་ཅེས་བཤད།
             ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ལོ་སྟོད་དུ་རང་རྒྱལ་གྱི་སིལ་ཚོང་ལས་རིགས་ཀྱི་འཕེལ་རྒྱས་ལས་ཁྱད་ཆོས་བཞི་མངོན་པ་སྟེ། གཅིག་ནི་ལས་རིགས་ཀྱི་སིལ་ཚོང་འཕར་མགྱོགས་ཤིང་། སིལ་ཚོང་གི་དཔེ་མཚོན་ཁེ་ལས་2300ཡི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.1%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.3གྱིས་མགྱོགས་པ་ཡོད། དེའི་ནང་དུས་ཚིགས་གཉིས་པའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.7%འཕར་བ་དང་འཕར་ཚད་ཟླ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.2ཀྱིས་མགྱོགས་པ་ཡོད། གཉིས་ནི་ཁེ་ལས་ཀྱི་ཁེ་སྤོགས་ནུས་པ་ཆེ་རུ་ཕྱིན་ཞིང་། སིལ་ཚོང་ཁེ་ལས་ཀྱི་ཚོང་གཉེར་ཁེ་སྤོགས་དང་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས་སོ་སོར་7.6%དང་6.6%འཕར་བ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་སོ་སོར་7.8དང་14.3འཕར་བས་ལེགས་སུ་ཕྱིན་པའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་འཕར་ཚད་དེ་མ་གནས་འཕར་ཚད་ལས་བརྒྱ་ཆའི་གྲངས་2.1གིས་མཐོ་ཞིང་། སོ་སོར་5.3%དང་3.2%ཟིན་པས་མ་གནས་ཆག་ཅིང་ཕན་འབྲས་འཕར་བའི་གྲུབ་འབྲས་ངེས་ཅན་ཐོབ་ཡོད། གསུམ་ནི་ཚོང་ཁང་གི་གཉེར་ཚུལ་སྤྱིར་ན་ལེགས་སུ་ཕྱིན་ཞིང་། ཆེད་ཚོང་ཁང་དང་། ཆེད་ལས་ཚོང་ཁང་། སྒོ་རྩིས་ཚོང་ཁང་། སྒོ་རྩིས་ཚོང་ཁང་ཆེ་གྲས། བརྒྱ་ཟོག་ཚོང་ཁང་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་སོ་སོར་8.8%དང་། 5.7% 3.6% 3.4% 1.2%བཅས་འཕར་བ་དང་འཕར་ཚད་དུས་མཚུངས་ལས་སོ་སོར་བརྒྱ་ཆའི་གྲངས་9.0དང་། 5.1 2.7 2.6 1.1མཐོ་བ་ཡོད། སྟབས་བདེའི་ཚོང་ཁང་གི་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9འགོར་དུ་ཕྱིན་ཀྱང་སྔར་བཞིན་7.2%ལ་སླེབས་ཡོད། བཞི་ནི་ཁེ་ལས་ཀྱིས་ཚོང་ཁང་འཛུགས་འདོད་ཀྱི་བསམ་བློ་ཆེ་རུ་ཕྱིན་ཞིང་། སིལ་ཚོང་ཁེ་ལས་ཀྱིས་ཚོང་ཁང་འཛུགས་པའི་འཆར་གཞི་ཧུར་ཐག་བཟོས་པ་དང་དུས་མཚུངས་ཚོང་ཁང་རྙིང་པ་སྒྱུར་བཀོད་བྱས་ཏེ“ཚོང་ཁང་དངོས+དྲ་སྦྲེལ”གྱི་འཕེལ་རྒྱས་གཏོང་སྟངས་ཁྱབ་སྤེལ་ཤུགས་ཆེན་བཏང་ཞིང་། སུའུ་ཉིང་སྤྲིན་ཚོགས་ཚོང་ཁང་ལ་ཐད་ཚོང་ཁང་1000དང་སྤྲིན་ཚོགས་ཚོང་ཁང་100འཛུགས་པའི་འཆར་གཞི་ཡོད་པ་དང་། ཅ་ཅ་གཡོད་ལ་གསར་དུ་ཚོང་ཁང་73འཛུགས་པ་དང་ཚོང་ཁང་རྙིང་པ་116སྒྱུར་བཀོད་བྱེད་པའི་འཆར་གཞི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།