འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་ས་ཡོམ་རྒྱག་ཁུལ་གྱི་དྭ་ཕྲུག་གིས་སློབ་ཐོན་ལ་རྟེན་འབྲེལ་ཞུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡུལ་ཤུལ་ས་ཡོམ་རྒྱག་ཁུལ་གྱི་དྭ་ཕྲུག་གིས་སློབ་ཐོན་ལ་རྟེན་འབྲེལ་ཞུ་བ།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་6ཚེས་25ཉིན་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཚོད་ལྟའི་སློབ་ཆུང་གཉིས་པའི་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པས་སློབ་ཐོན་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་། མཚོ་སྔོན་ཡུལ་ཤུལ་གྱི་ས་ཡོམ་རྒྱག་ཁུལ་གྱི་དྭ་ཕྲུག་30ལྷག་ཙམ་རྟེན་འབྲེལ་མཛད་སྒོར་ཞུགས་ཡོད་པ་རེད། ལོ་གཉིས་རིང་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་དགེ་སློབ་ཚོས་ཡུལ་ཤུལ་གྱི་ས་ཡོམ་རྒྱག་ཁུལ་གྱི་དྭ་ཕྲུག་དང་ལག་གདང་སྦྲེལ་ཏེ་ཁོང་ཚོ་ཐེངས་མང་གདན་དྲངས་ནས་མཉམ་སྤྲོའི་བྱེད་སྒོར་ཞུགས་ནས་འཚོ་བའི་སྤྱོད་ཆས་དང་སློབ་སྦྱོང་གི་ཡོ་བྱད་སོགས་ཞལ་འདེབས་ཕུལ་ཏེ་ཕན་ཚུན་འཚར་ལོངས་བདེན་དཔང་བྱེད་པ་དང་ཆབས་ཅིག་མཛའ་གྲོགས་ཟབ་མོའང་བཙུགས་ཡོད། ཚེས་25ཉིན་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་སློབ་མ་རྣམས་སློབ་གྲྭ་ཐོན་པའི་སྐབས་འདིར་ཡུལ་ཤུལ་གྱི་གྲོགས་པོ་ཆུང་ཆུང་ཚོས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་ཤིང་། གོང་གི་པར་རིས་ནི་རྟེན་འབྲེལ་མཛད་སྒོའི་ཐོག་ཡུལ་ཤུལ་གྱི་སློབ་མས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་དང་སྒེག་ཉམས་ལྡན་པའི་གླུ་གར་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།