འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱིས་ལས་ཞུགས་དབུལ་སྐྱོར་རྟེན་གཞི་1465གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་ངལ་ནུས་དབུལ་པོའི་ལས་ཞུགས་ལ་སྐུལ་འདེད་བཏང་ནས་སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་ལ་རྒྱབ་སྐྱོར་བྱེད་པ་དང་མི་སྤྱི་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་ས་ཁུལ་ཁག་ནས་འདེམས་སྒྲུག་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག་མི་སྤྱོད་ཚད་ལྡན་དང་སྤྱི་ཚོགས་ཀྱི་འགན་སེམས་ཆེ་བའི་ཁེ་ལས་1465ལས་ཞུགས་དབུལ་སྐྱོར་གྱི་རྟེན་གཞིར་གཏན་འཁེལ་བྱས་ནས་གྲོང་གསེབ་ཀྱི་ངལ་ནུས་དབུལ་པོར་འཚམ་པའི་ལས་གནས་ཁྲི་20ཙམ་མཁོ་འདོན་བྱས་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་ཁག་གི་མི་སྤྱི་སྡེ་ཚན་དང་དབུལ་སྐྱོར་སྡེ་ཚན་གྱིས་ལས་ཞུགས་དབུལ་སྐྱོར་རྟེན་གཞིར་མི་སྤྱོད་མཛུབ་ཁྲིད་དང་ལས་ཞུགས་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱས་ཏེ་ལས་ཞུགས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་དབུལ་པོ་མང་པོ་བསྡུས་པའི་ཁེ་ལས་ལ་དབུལ་སྐྱོར་དངུལ་བུན་བསྐྱར་དུ་གཡར་རྒྱུ་དང་། གཞན་ཡང་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་དང་དཔེ་མཚོན་གཏོད་དེ་ལས་ཞུགས་དབུལ་སྐྱོར་རྟེན་གཞིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ལས་ཞུགས་ལ་སེམས་ཁུར་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ། ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་ལས་ཞུགས་དབུལ་སྐྱོར་རྟེན་གཞི་དེ་གནད་སྨིན་དབུལ་སྐྱོར་གྱི་གཅེས་སེམས་ཁེ་ལས་གཏོད་པའི་བྱེད་སྒོའི་ནང་སྔོན་ལ་འཇུག་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།